སི་ཁྲོན་ཞིང་ཆེན་གྱི་སྨན་ཁང་153གྱིས་ས་ཁུལ་གཞན་ནས་སྨན་བཅོས་བྱས་པར་དུས་ཐོག་བསྡོམས་རྩིས་བརྒྱག་པའི་འགོ་བརྩམས་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-30


            སྤྱི་ཟླ་12པའི་ཚེས་28ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་འགྲུལ་ཞུགས་མི་གྲངས་དང་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་འཛུགས་སྐྲུན་དང་སྐུལ་སྤེལ་ཚོགས་འདུ་དེ་ཁྲེན་ཏུའུ་རུ་འཚོགས་ཤིང་། གྲོས་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི་ད་ལོའི་སི་ཁྲོན་ཞིང་ཆེན་གྱི་དམངས་ཕན་བྱེད་ཐབས་ཆེན་པོ་གསུམ་རེད།

            དམངས་ཕན་བྱེད་ཐབས་ཆེན་པོ་གསུམ་ནི། དང་པོ། འགྲུལ་ཞུགས་མི་གྲངས་ཀྱི་དཔང་ཡིག་གློག་རྡུལ་ཅན་དུ་བསྒྱུར་ནས་དཔང་ཡིག་བཟོ་བའི་དཀའ་ལས་མེད་པར་བྱ་རྒྱུ་དང་། གཉིས་པ། བུད་མེད་ལ་མངལ་མ་སྦྲུམ་གོང་བདེ་ཐང་ཞིབ་བཤེར་བྱས་ཏེ་ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་བྱ་རྒྱུ། གསུམ་པ། སི་ཁྲོན་ཞིང་ཆེན་གྱི་སྨན་ཁང་153གྱིས་ས་ཁུལ་གཞན་ནས་སྨན་བཅོས་བྱས་པར་དུས་ཐོག་བསྡོམས་བརྒྱག་པའི་འགོ་བརྩམས་ཡོད་པས། མི་ཁྲི་76ལྷག་གི་སྨན་བཅོས་འཕྲོད་བསྟེན་ལ་སྟབས་བདེ་བསྐྲུན་ཡོད་པ་བཅས་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1