ལི་ཐང་བསྟན་འཛིན་གྱི་རྗེས་ལ་ཉག་ཆུ་ཁའི་བློ་བཟང་འཕྲིན་ལས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-26


ལི་ཐང་བསྟན་འཛིན་གྱི་རྗེས་ལ་ཉག་ཆུ་ཁའི་བློ་བཟང་འཕྲིན་ལས་་་་་་་་་་

   ན་ནིང་ལོ་མཇུག་ནས་ཁམས་ཀྱི་ཕོ་གསར་ཆུང་ཆུང་ལི་ཐང་བསྟན་འཛིན་གྱི་སྐད་གྲགས་གོ་ལ་ཧྲིལ་པོར་ཁྱབ་ཅིང་། ཁོའི་དྲྭ་གྲགས་ཀྱི་བྱིན་རླབས་དང་འགྲོགས་ནས་ལི་ཐང་རྫོང་གཙོ་བོར་བྱས་པའི་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ། ད་ཐེངས་ཡང་ཁམས་ཀྱི་ཕོ་གསར་ཞིག་གི་མཚན་སྙན་རྒྱལ་ཡོངས་འཛིན་མའི་སྒང་ནས་དུང་ལྟར་གྲགས་ཤིང་རླུང་ལྟར་གཡུག་བཞིན་འདུག། དེ་ནི་རང་ལོ49ལ་སོན་པའི་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བློ་བཟང་འཕྲིན་ལས༼刘洪༽རེད། ཁོ་ནི་ཁམས་ཀྱི་ས་ཆེན་པོའི་སྨད་རྒྱུད། ཉག་ཆུ་དལ་འགྲོ་རིང་མོ་ལྷུང་ལྷུང་དུ་འབབ་པའི་འགྲམ་ངོགས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཁམས་ཀྱི་ཕོ་གསར་དག་མ་ཞིག་ཡིན། 

ལི་ཐང་བསྟན་འཛིན་གྱི་རྗེས་ལ་ཉག་ཆུ་ཁའི་བློ་བཟང་འཕྲིན་ལས་་་་་་་་་་

     ཟླ3པའི་ཚེས21ཉིན། ཅུས་ཀྲང་བློ་བཟང་འཕྲིན་ལས༼刘洪༽ལི་ཐང་བསྟན་འཛིན་དང་འགྲོགས་ནས་ཀང་ཏུང་ཏུང་ཀོན་དུ་བྱེད་སྒོར་ཞིག་ལ་ཞུགས། མ་གཞི་བྱེད་སྒོ་དེར་བསྟན་འཛིན་ལ་རོགས་པ་བྱེད་དུ་ཡོང་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་བྱེད་སྒོའི་ཡུལ་དངོས་སུ་ཅུས་ཀྲང་ལགས་ལ་དེར་འདུས་པའི་མི་མང་གིས་དགའ་འབོད་བྱས་ཤིང་། མེ་ཏོག་ཕུལ་མཁན་དང་འདྲ་པར་མཉམ་སྒྲོན་བྱེད་མཁན་གྱི་མི་ཚོགས་འཚང་ཁ་ཤིག་ཤིག་གིས་རུབ་བྱུང་བར་མ་ཟད། དྲྭ་དམངས་མང་པོ་ཞིག་གིས་ཅུས་ཀྲང་བློ་བཟང་འཕྲིན་ལས༼刘洪༽ལ刘德华ལིའུ་ཏེ་ཧྭ་དང周润发ཀྲོའུ་རུན་ཧྥ་སོགས་སྐད་གྲགས་ཅན་གྱི་སྐར་ཆེན་མང་པོའི་མཛེས་སྡུག་ཚང་མ་འཛོམས་འདུག་ཅེས་ཆེ་བསྟོད་དཔེ་མི་སྲིད་པ་བྱས། ཅུས་ཀྲང་ལགས་གློ་བུར་དུ་སྐད་གྲགས་སོང་བ་རེད་འདུག།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1