དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་སྤྱི་ལོའི་ལོ་སར་གྱི་རྟེན་འབྲེལ་ཤིས་ཚིག་ཕུལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས་།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-05


           ཉེ་ཆར། དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས། སྤྱི་ལོ་2015ལོའི་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་དུས་བཟང་འདིར། ངས་ཀྲུང་གུང་དཀར་མཛེས་ཁུལ་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་། དེ་བཞིན་དཀར་མཛེས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་109ཡི་ཚབ་བྱས་ནས། ཚང་མ་ལ་གནམ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་ཡིན་ལ། དཀར་མཛེས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་གྲོགས་པོ་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

          ཁུལ་དཔོན་ཡེ་ཤེས་ཟླ་བས་མུ་མཐུད་དུ། ལོ་སྔོན་མ་དག་ལ་ཕྱིར་བལྟས་བྱས་ཏེ། ང་ཚོས་མཐུན་སྒྲིལ་དམ་ཟབ་ཀྱིས་དཀར་མཛེས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དགོས་པ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུ་ཡི་རྩ་བའི་ལམ་ཐིག་གཅིག་དང་། ཤུགས་སྣོན་རྒྱག་དགོས་པ་གསུམ་གྱི་བོད་ཁུལ་ལས་ཀའི་རིག་ལམ་ལ་གཞིགས་ཏེ། བརྟན་བརླིང་གི་འཕེལ་རིམ་དང་། མཐོ་སྙེག་གི་འབད་བརྩོན། མགྱོགས་མྱུར་གྱི་འཕེལ་རྒྱས་བཅས་ཀྱི་ལས་ཀའི་རྨང་གཞི་ལག་བསྟར་ནན་མོ་བྱ་དགོས། དེ་མིན་ཚན་རིག་དང་གསར་གཏོད། མཆོང་བརྒལ་བཅས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་དམངས་འཚོའི་ལས་གཞི་ཆེན་པོ་གསུམ་ལ་སྐུལ་འདེད་གཏོང་དགོས། མགྱོགས་མྱུར་གྱི་ངང་ནས་འགྲིམ་འགྲུལ་གཙོས་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། སྐྱེ་ཁམས་དང་ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་དཀར་མཛེས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱ་དགོས་ཞེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1