ཞི་ཅིན་ཕིང་ནས་གསར་བརྗེའི་རིག་དངོས་ལས་དོན་ཐད་མཛུབ་སྟོན་གནང་བ།ཞི་ཅིན་ཕིང་ནས་གསར་བརྗེའི་རིག་དངོས་ལས་དོན་ཐད་མཛུབ་སྟོན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-01


        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་གསར་བརྗེའི་རིག་དངོས་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྐབས། གསར་བརྗེའི་རིག་དངོས་ལས་ཏང་དང་མི་དམངས་ཀྱི་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་གཟི་བརྗིད་ཆེ་བའི་ལོ་རྒྱུས་མཚོན་པ་དང་། ཀྲུང་གོའི་གསར་བརྗེའི་རླབས་ཆེན་འཕེལ་རིམ་དང་མི་སེམས་འགུལ་བའི་བྱས་རྗེས་འཁོད་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་དང་གསར་བརྗེའི་སྲོལ་རྒྱུན་དང་གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་སྤྲོ་སེམས་ལ་སྐུལ་སློང་བྱེད་པ། མི་རིགས་སྙིང་སྟོབས་འཕེལ་བར་བྱེད་པའི་གསོན་ཉམས་ལྡན་པའི་སློབ་གཞི་ཞིག་ཡིན་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས། གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྐྱོད་བྱ་ཤུགས་ཆེ་རུ་གཏོང་བ་དང་། གསར་བརྗེའི་རིག་གནས་དར་སྤེལ་གཏོང་རྒྱུ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་རྒྱུ་བཅས་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འགན་འཁྲི་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་ཀ་དེ་ཉིན་རེའི་གལ་ཆེའི་གྲོས་རིམ་ནང་འཇུག་དགོས་པ་དང་། ཏན་ཏན་ཏིག་ཏིག་ངང་ལས་དོན་ལ་ཤུགས་རྒྱག་པ་དང་། གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཡག་པོ་དང་དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ནས་གསར་བརྗེའི་རིག་དངོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ། རྒྱལ་གཅེས་རིང་ལུགས་སློབ་གསོ་སོགས་ཐད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་སྟོབས་ཤུགས་སྐུལ་སློང་གིས། ཡིད་ཆེས་ལྡབ་བརྒྱས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ཆེད་ འབད་འཐབ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
        རྒྱལ་ཡོངས་གསར་བརྗེའི་རིག་དངོས་ལས་དོན་གྲོས་ཚོགས་དེ་སྤྱི་ཚེས་30ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་གསར་བརྗེའི་རིག་དངོས་ལས་དོན་གྱི་དོན་སྙིང་གལ་ཆེན་དང་། དམིགས་འབེན་ལས་འགན། གཞི་རྩའི་བླང་བྱ་བཅས་ལ་གསལ་འགྲེལ་གཏིང་ཟབ་གནང་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གསར་བརྗེའི་རིག་དངོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པ་དང་། དེ་ནི་དུས་རབས་གསར་པའི་གསར་བརྗེའི་རིག་དངོས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། གསར་བརྗེའི་རིག་དངོས་ལས་དོན་དེས་གསར་བརྗེའི་ལོ་རྒྱུས་ལ་བདེན་དཔང་དང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བའི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། དུས་རབས་གསར་པ་དང་བླང་བྱ་གསར་པ་དང་ཟུང་སྦྲེལ་བྱེད་དགོས་ཤིང་། སྲུང་སྐྱོང་དང་། དོ་དམ། བེད་སྤྱོད་བཅས་ཀྱི་ལས་དོན་ཁག་གཅིག་འགྱུར་འཆར་འགོད་བྱས་ཏེ། གསར་བརྗེའི་རིག་དངོས་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་སྟོན་གནང་ཡོད།
        རྒྱལ་ཁབ་རིག་དངོས་ཅུད་དང་། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་དང་ཅང་ཞི། ཧྲའན་ཞི། ཧུའུ་ནན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་ཡོད་པ་རེད།
        ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ཀྲུང་དབྱང་དམག་ཨུད་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བདེ་སྤྱོད་ཁུལ་གྱི་འཐུས་མི། གསར་བརྗེའི་རིག་དངོས་ཀྱི་རིགས་གཅིག་མཁས་ཅན་གྱི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1