གཙོ་ངོས།>> སྐྱེ་ཁམས།>>རྩི་ཤིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༠༦ཉིན།

༄༅།། མེ་ཏོག་རྒྱ་སེ།

དབྱིན་ཇི་དང་ཨ་མེ་རི་ཁའི་མཚོན་རྟགས་ནི་མེ་ཏོག་རྒྱ་སེ་ཡིན།


        དབྱིན་ཇི་དང་ཨ་མེ་རི་ཁའི་མི་རྣམས་ཀྱིས་ཁ་དོག་རྣམ་པར་བཀྲ་ཞིང་དྲི་མ་ཞིམ་པའི་མེ་ཏོག་རྒྱ་སེ་དེ“མཛའ་བརྩེའི་མེ་ཏོག”དང“བརྩེ་དུང་གི་མེ་ཏོག”ཞིག་ཏུ་བརྩིས་ནས། རྒྱུན་པར་མེ་ཏོག་རྒྱ་སེ་ནི་བླ་ན་མེད་པའི་ལེགས་སྐྱེས་ཆེན་པོར་བསམས་ནས་ཕན་ཚུན་ལ་སྐྱེས་སུ་འབུལ་བ་དང་། མཛའ་གྲོགས་ཕན་ཚུན་བར་བརྩེ་དུང་མཚོན་བྱེད་དུའང་འབུལ་བ་རེད། དབྱིན་ཇི་དང་ཨ་མེ་རི་ཁའི་མི་རྣམས་ཀྱིས་མེ་ཏོག་རྒྱ་སེ་ནི་མེ་ཏོག་ནང་གི་ཆེས་མཛེས་པའི་མེ་ཏོག་ཅིག་ཏུ་བརྩི་བཞིན་ཡོད།
        དུས་རབས་བར་མའི་སྐབས་སུ་དབྱིན་ཇི་རུ“མེ་ཏོག་རྒྱ་སེའི་དམག་འཁྲུག”ཅིག་བྱུང་བ་རེད། དམག་འཁྲུག་བྱེད་མཁན་ཕྱོགས་གཉིས་ཀས་མེ་ཏོག་རྒྱ་སེ་རང་གི་ཁྱིམ་རྒྱུད་ཀྱི་མཚོན་རྟགས་སུ་བརྩིས་ཤིང་། དམག་འཁྲུག་དེའི་ནང་ཁྱིམ་རྒྱུད་ཅིག་གིས་མེ་ཏོག་རྒྱ་སེ་དམར་པོ་བཟུང་ཞིང་ཁྱིམ་རྒྱུད་གཞན་པ་དེས་མེ་ཏོག་རྒྱ་སེ་དཀར་པོ་བཟུང་བ་རེད། ཁྱིམ་ཚང་གཉིས་འགྲིག་མཐུན་བྱུང་རྗེས་མཉམ་འབྲེལ་གྱིས་ཁྱིམ་རྒྱུད་གཅིག་གིས་རྒྱལ་པོའི་གོ་གནས་གཙོ་སྐྱོང་གནང་ནས་རྒྱལ་པོའི་རྟགས་སུ་མེ་ཏོག་རྒྱ་སེ་གཏན་འཁེལ་བྱས། དུས་དེ་ནས་བཟུང་དབྱིན་ཀེ་ལན་རྒྱལ་པོའི་མཚོན་རྟགས་སུ་གྱུར་ཅིང་། དབྱིན་ཇི་རྒྱལ་ཁབ་ཀྱི་མེ་ཏོག་དེ་ཡང་རྒྱལ་པོའི་བཀོལ་སྤྱོད་བྱས་པའི་རི་མོའི་མཚོན་རྟགས་ལྟར་བྱུང་བ་རེད།

        ཨ་མེ་རི་ཁས་རྒྱ་ཁྱབ་ཏུ་དམངས་ཀྱི་འདོད་བློ་ཚད་ལེན་བྱས་པའི་རྨང་གཞིའི་སྟེང་། 1986ལོའི་ཟླ9པའི་ཚེས23ཉིན་རྒྱལ་ཚོགས་གྲོས་ཁང་གིས་ཆོག་མཆན་གནང་བ་བརྒྱུད་མེ་ཏོག་རྒྱ་སེ་དེ་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་མེ་ཏོག་ཏུ་གཏན་འཁེལ་བྱས་པ་རེད། ཨ་མེ་རི་ཁའི་ཁུལ་མང་ཆེ་བ་རུ་སྔ་མོ་ནས་མེ་ཏོག་རྒྱ་སེ་དེ་རང་ཁུལ་གྱི་མེ་ཏོག་ཏུ་བརྩི་བཞིན་ཡོད། །

《ཀྲུང་གོའི་ལོ་ཆུང་གཞོན་ནུའི་ཤེས་བྱ་ཀུན་བཏུས》ལྟར།

39.7K

རྩོམ་ཡིག་སྔོན་མ།
༄༅།། དཔྱིད་མགོའི་མེ་ཏོག
རྩོམ་ཡིག་རྗེས་མ།
༄༅།། མེ་ཏོག་ཡིང་ཧྭ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1