བོད་ལྗོངས་མཁའ་འགྲུལ་གྱིས་དབྱར་དུས་མཁའ་ལམ་གསར་པ་མང་པོ་སྣོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-06



     ཟླ་3ཚེས་31ཉིན། བོད་ལྗོངས་མཁའ་འགྲུལ་གྱིས་ཟླ་3ཚེས་28ཉིན་ནས་2021ལོའི་དབྱར་དུས་གནམ་གྲུ་འཕུར་ཐེངས་འཆར་གཞི་ལག་བསྟར་བྱས་ཏེ་གནམ་གྲུ་ས་ཚུགས་2དང་མཁའ་ལམ20གསར་དུ་སྣོན་རྒྱུ་ཡིན་ཞིང་། དེའི་ཁྲོད་དུ་བོད་ལྗོངས་ནས་འགྲོ་འོང་བྱེད་པའི་མཁའ་ལམ་9ཚུད་ཡོད། འདི་ཡིས་མཁའ་འགྲུལ་གསར་པའི་དུས་སུ་བོད་ལྗོངས་མཁའ་འགྲུལ་གྱིས་འཕུར་འགན་ལག་བསྟར་བྱེད་པའི་མཁའ་ལམ་90ཙམ་ཟིན་པ་དང་། རྒྱལ་ནང་གྲོང་ཁྱེར་50ལྷག་ལ་ཤར་གཏོང་ཐུབ་པ།གཟའ་འཁོར་རེར་འགྲུལ་པར་དུས་གཏན་གནམ་གྲུ་སྟོང་ཙམ་གདམ་རྒྱུ་མཁོ་འདོན་བྱེད་པ། མཁའ་ལམ་དྲ་བའི་ཁྱབ་ཚུལ་སྔར་ལས་ལེགས་བཅོས་བྱུང་བ། ཞབས་ཞུ་ནུས་པ་སྟེགས་བུ་གསར་པ་ཞིག་ལ་སླེབས་པ་བཅས་མཚོན་ཡོད།
   ཅིན་ནན་ནས་ཞི་ཨན་དང་གཞིས་རྩེའི་བར་དང་།  ལྷ་ས་ནས་ཐའེ་ཡོན་དང་ཧར་པིང་བར་གྱི་མཁའ་ལམ་གཉིས་ཤར་གཏོང་བྱས་པའི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་དང་བོད་སྐྱོར་ཁ་གཏད་ཞིང་ཆེན་གཙོ་བོ་གཉིས་སྟེ་ཧྲན་ཏུང་ཞིང་ཆེན་དང་ཧེ་ལུང་ཅང་ཞིང་ཆེན་དང་བརྒྱུད་སྦྲེལ་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཕྱིར་རེད།
   ལྷ་ས་ནས་ཙུན་དབྱི་དང་སན་ཡའི་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་དེས་གངས་ལྗོངས་མཐོ་སྒང་དང་ཚ་ཁུལ་མཚོ་གླིང་ཉེ་བའི་ཁྱིམ་མཚེས་འགྱུར་བར་བྱས་ནས། བོད་ལྗོངས་དང་ཧའེ་ནན་ས་ཁུལ་གཉིས་ཀྱི་མང་ཚོགས་ཀྱི་འགྲོ་འདུག་ལ་གདམ་བྱ་མང་པོ་མཁོ་འདོན་བྱས་ཡོད། གཞན་ཡང་། མཁའ་འགྲུལ་གསར་པའི་དུས་ལ་ལྷ་ས་ཡིས་ཤར་རྒྱུད་དར་རྒྱས་ཆེ་བའི་གྲོང་ཁྱེར་ཡན་ཐའེ་དང་ཝུན་ཀྲོའུ། ཆོན་ཀྲོའུ་སོགས་དང་འབྲེལ་བ་བྱེད་ཐུབ་བྱུང་བས། བོད་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་སྔར་བས་མང་པོ་མཁོ་འདོན་བྱེད་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1