གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༠༧ཉིན།

དབྱི་ལིང་གིས་ཨ་མེ་རི་ཁས་ཐེངས་གཅིག་ལ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་པ་བསྐྱར་སྒྲོག་བྱས།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ལྔ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྐྱར་སྒྲོག་བྱས་དོན། དབྱི་ལིང་གིས་ལས་རིམ་དགར་ནས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བའི་ཇུས་གཞི་དང་ལེན་བྱེད་མི་སྲིད་པ་དང་། ཨ་མེ་རི་ཁས་ཐེངས་གཅིག་ལ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་ཟེར། 
        ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། ཚེས་དྲུག་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་རྒྱུ་ཡིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཁག་བར་གྱི་གྲོས་ཚོགས་སྟེང་། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་བར་གྲོས་བསྡུར་བྱེད་པ་ནི་དེའི་གྲོས་རིམ་ཞིག་རེད་ཟེར། 
        ཁོས་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁའི་ཐོག་མར་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་པའི་རེ་བ་བཏོན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་བཀག་སྡོམ་མེད་པར་བཏང་རྗེས་ཨ་མེ་རི་ཁ་ཕྱོགས་ཆིངས་ཡིག་དང་འགལ་བའི་དབང་གིས་ཇེ་ཉུང་དུ་བཏང་བའི་བྱེད་ཐབས་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 
        སྔ་ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞེ་ཡིས་ཀྱང་དེ་མཚུངས་ཀྱི་རེ་བ་བཏོན། ཁོས་བཤད་རྒྱུར། ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་གནད་དོན་ཐད་ནས། དབྱི་ལིང་གིས་ལས་རིམ་དགར་བའི་ཇུས་གཞི་དང་ལེན་བྱེད་མི་སྲིད་ལ། ཨ་མེ་རི་ཁས་ཐེངས་གཅིག་ལ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་པའི་རེ་བ་བཏོན། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1