ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལ་འཇགས་རྣམ་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-07



    ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་དོན། མིག་སྔར། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལ་གསར་དུ་བཙུགས་པའི་ཟམ་པ་དང་ཕུག་ལམ། ལས་གཞི་བཅས་བཟོ་བའི་ལས་དོན་གཙོ་བོ་ཚང་མ་བསྒྲུབས་ཟིན་པས་འཇགས་རྣམ་ཞིབ་བཤེར་རྩིས་ལེན་བྱེད་པའི་ཆ་རྐྱེན་འཛོམས་པ་རེད། ཟླ་4ཚེས་1ཉིན་ནས་ཟླ་4ཚེས་30ཉིན་གྱི་བར། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ནི་འཇགས་རྣམ་ཞིབ་བཤེར་རྩིས་ལེན་བྱེད་པའི་དུས་རིམ་ལ་སླེབས། ལྷ་ཉིང་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་“ལྔ་ཚན་བཅོ་ལྔ”པའི་འཆར་གཞིའི་ལས་གྲྭའི་རྣམ་གྲངས་གཙོ་བོ་གཅིག་ཡིན་ཞིང་། ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་435ཡོད་པ་དང་། ཇུས་འགོད་དུས་འགྲོས་ནི་ཆུ་ཚོད་རེར་སྤྱི་ལེ་160ཡིན་པ་དང་། བོད་ལྗོངས་ཁོངས་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད། འདི་ནི་ཟླ་4ཚེས་1ཉིན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནས་པར་བླངས་པའི་ལྷ་ཉིང་ལྕགས་ལམ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1