ཁི་ཝེ་ཐིའི་ཕྱི་འབྲེལ་བློན་ཆེན་གྱིས་ཡེ་མིན་གྱི་གཅིག་གྱུར་དང་གཏན་འཇགས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-09


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཁི་ཝེ་ཐིའི་ཕྱི་འབྲེལ་བློན་ཆེན་དང་ནང་སྲིད་རྒྱལ་བློན་ཨེ་ཧཱ་མེད་ཏི་ནཱ་སེ་ཨར་གྱིས་ཚེས་བདུན་ཉིན་བསྟན་དོན། ཁི་ཝེ་ཐི་ཡིས་ཡེ་མིན་གྱི་གཅིག་གྱུར་དང་གཏན་འཇགས། ས་ཁོངས་བདེ་འཇགས་སླར་གསོ་ཡོང་བ། ཡེ་མིན་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་དམིགས་པའི་ཐག་གཅོད་ཇུས་གཞི་གང་རུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 
        ཨེ་ཧཱ་མེད་ཏི་ནཱ་སེ་ཨར་གྱིས་ད་རུང་བསྟན་དོན། ཁི་ཝེ་ཐི་ཡིས་སོ་ཏི་ཨ་རབ་ཀྱིས་བཏོན་པའི་ཡེ་མིན་གྱི་ཞི་བདེའི་འདོད་བློར་རྒྱབ་སྐྱོར་བྱེད་པ་དང་། ཧུའུ་སེ་དྲག་ཆས་པས་ཡེ་མིན་དང་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམངས་བཀོལ་སྒྲིག་ཆས་ལ་བསྟུད་མར་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། བྱ་སྤྱོད་དེ་ལས་མཚོ་ཁུགས་ས་ཁུལ་གྱི་རྒྱལ་ཁབ་དག་ལ་ཐད་ཀར་འཇིགས་ཉེན་ཐེབས་སྲིད་པར་འདོད། 
        ཨེ་ཧཱ་མེད་ཏི་པིན་མུའུ་པཱ་ལཱ་ཁི་ཡིས་ཁི་ཝེ་ཐི་ཡིས་ནམ་རྒྱུན་ཡེ་མིན་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ཞི་འཇགས་སུ་གཏོང་བ་དང་། ཡེ་མིན་གྱི་བདེ་འཇགས་དང་གཏན་འཇགས་ལ་ཡར་སྐུལ་གཏོང་བའི་ཐད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1