མཚོ་སྔོན་པོའི་མཚོ་ཁ་ཕྱེ་བཞིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-12



   ཟླ་4ཚེས་8ཉིན། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། གནམ་གཤིས་ཇེ་དྲོར་འགྲོ་བ་དང་བསྟུན། རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་ཚྭ་ལྡན་མཚེའུ་མཚོ་སྔོན་པོ་ཟླ་3ཚེས་27ཉིན་ནས་མཚོ་དར་ཞུ་བའི་དུས་ལ་སླེབས་པ་དང་། ཟླ་4ཚེས་7ཉིན་བར། མཚོ་སྔོན་པོའི་མཚོ་ཁ་ཕྱེ་ཚད་ཀྱི་རྒྱ་ཁྱོན་90%ཉེ་བར་ཟིན་ཡོད། 

    མཚོ་སྔོན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་སྐྱེ་ཁམས་གནམ་གཤིས་ཞབས་ཞུ་ལྟེ་གནས་ཀྱིས་ཟླ་4ཚེས་5ཉིན་རྒྱང་ཚོར་འཁོར་སྐར་ལྟ་ཞིབ་ལས་མངོན་གསལ་ལྟར་ན། མཚོ་སྔོན་པོའི་བྱ་གླིང་ལྷོ་རྒྱུད་དང་། མཚོ་འཁྱིལ་ཤར་ཕྱོགས་ཀྱི་ཕྱོགས་ཁག་ཅིག་ལ་ཆུར་འཁུར་བའི་འཁྱགས་པ་འགའ་ཡོད་པ་ལས། གཞན་པའི་ཆུ་ཁོངས་ཀྱི་དར་ཞུ་ཚར་ཡོད་པ་དང་། དར་ཞུ་བའི་རྒྱ་ཁྱོན་83%ཟིན་ཡོད། འཁོར་སྐར་གྱིས་པར་བླངས་པའི་རི་མོ་ལས་བརྡར་ཤ་གཅོད་ཐུབ་པར། ཟླ་3ཚེས་27ཉིན། མཚོ་སྔོན་པོའི་ནུབ་རྒྱུད་དར་ངོས་དང་མཚོ་སྙིང་སོགས་ཀྱི་འཁྱགས་པ་གས་ནས་ཞུ་བའི་རྣམ་པ་མངོན་ཡོད། ཟླ་4ཚེས་7ཉིན་བར། མཚོ་སྔོན་པོའི་ནུབ་རྒྱུད་མཚོ་ནུབ་གླིང་ཕྲན་དང་བྱ་གླིང་བཅས་ཉེ་འཁོར་གྱི་འཁྱགས་པ་ཁག་ཅིག་ཕུད། མཚོ་སྔོན་པོའི་མཚོ་ཁ་ཕྱེ་ཚད་ཀྱི་རྒྱ་ཁྱོན་90%ཟིན་ཡོད། 


   མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བར་གཞིགས་ན། མ་འོངས་པའི་ཉིན་ལྔའི་ནང་། མཚོ་སྔོན་པོའི་ཉེ་འཁོར་གྱི་དྲོད་ཚད་4.5℃ཡན་ཡིན་པ་དང་། དྲོད་ཚད་ཇེ་མཐོར་འགྲོ་བ་དང་བསྟུན། མཚོ་སྔོན་པོའི་དར་ཚང་མ་ཞུ་རྒྱུ་རེད། 

   མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་རྒྱུད་དུ་ཡོད་ཅིང་། མཚོ་བོད་མཐོ་སྒང་ཤར་བྱང་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་ཞིང་། ནུབ་རྒྱུད་ཐང་རྒོད་ཅན་དུ་འགྱུར་བ་དེ་ཤར་ཕྱོགས་སུ་མཆེད་པར་བཀག་འགོག་བྱེད་པའི་ཆུའི་མ་ལག་གལ་ཆེ་དེ་ཡིན་ཞིང་། མངའ་ཁོངས་ནང་གི་གནམ་གཤིས་སྙོམས་སྒྲིག་ཆས་ཆེས་གལ་ཆེ་བ་དེའང་ཡིན།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1