ནགས་ཚལ་ལེགས་པར་སྲུང་སྟེ་མེ་གསོད་མེ་འགོག་སྲུང་ཡོལ་བརྟན་དུ་གཏོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 04-12




——ཁྲོ་ཆུ་རྫོང་གི་ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་འགོག་གི་ཆེད་དོན་བཅོས་སྒྲིག་ལས་དོན་སྐོར་གྱི་ཟུར་བྲིས། 



    མིག་སྔར་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཁྲོ་ཆུ་རྫོང་གིས་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མུའུ་ཁྲི་670ཡི་ཐོན་ཁུངས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། 

    2020ལོའི་ཟླ་དང་པོ་ནས་བཟུང་། ཁྲོ་ཆུ་རྫོང་གིས་སྔ་རྗེས་སུ་རྫོང་ཡོངས་ཀྱི་གྲོང་རྡལ་8དང་ཡུལ་ཚོ་7གྱི་ཉེན་ཁ་ཆེ་བའི་ས་ཁོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་མཉམ་འབྲེལ་ཞིབ་བཤེར་ས་ཚིགས་25བཙུགས་པ་དང་ས་ཚིགས་རེར་ཆེད་བསྐོས་རི་སྐོར་པ་རེ་བཀོད་སྒྲིག་བྱས་པ། སྐྱེ་ཁམས་ནགས་སྲུང་བ་2ནས་3བར་གྱིས་ཆུ་ཚོད་24རིང་ཉིན་མཚན་ཀུན་ཏུ་ལས་རེས་བྱས། དུས་མཚུངས་སུ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་གཞི་རིམ་ནགས་ལས་ས་ཚིགས་ཀྱི་ལས་དོན་མི་སྣ་1རེ་མངགས་ནས་ལྟ་སྐུལ་མཛུབ་ཁྲིད་ས་ཚིགས་ཀྱི་ལས་དོན་སྤེལ། 


    ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་གིས་མཐོ་སར་སྐུལ་འདེད་དང་མཇུག་སྣེར་ཤུགས་སྣོན། མཉམ་འགོག་མཉམ་བཅོས། མཐའ་སྣེར་ཕན་འབྲས་བཅས་ཀྱི་ལས་ཀའི་ལམ་སྲོལ་ལ་ནན་པོར་གཞིགས་ནས་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པས་སྡེ་བ་ཡི་འགན་གཙང་ལེན་བྱེད་པ། སྡེ་བའི་ལས་བྱེད་པས་ཚོགས་ཆུང་གི་འགན་གཙང་ལེན་བྱེད་པ། རྩ་འཛུགས་ལས་བྱེད་པ(ཏང་ཡོན)ཡིས་ཁྱིམ་ཚང་གི་འགན་གཙང་ལེན་བྱེད་པ། ཁྱིམ་ཚང་གིས་ཕྱོགས་ཁག་གི་འགན་གཙང་ལེན་བྱེད་པ་བཅས་ཀྱི་འགན་ལེན་ལྔའི་འགན་འཁྲིའི་ལམ་ལུགས་ནན་ཏན་ངང་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ(སྡེ་ཁུལ)100རུ་ནགས་ཚལ་རྩྭ་ཐང་གི་མེ་གསོད་པའི་ཁྱིམ་ཚང་བཅུའི་མཉམ་འབྲེལ་གྱི་ལས་ཀའི་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྱིམ་ཚང་10ཡི་མི་རེ་ངོ་རེར་མཉམ་འགོག་གཟུགས་1ལ་དབྱེ་བ་དང་མཉམ་འབྲེལ་འགན་ལེན་གཟུགས་ཀྱི་རྩིས་ཐོ་བཟོ་བ། མཉམ་འབྲེལ་འགན་ལེན་ལས་དོན་རེར་འགན་ལེན་དཔོན་རེ་བཀོད་སྒྲིག་བཅས་བྱས་ནས་ཁེར་འགོག་ནས་དམངས་ཡོངས་ཀྱི་མཉམ་འགོག་བར་འགྱུར་ལྡོག་བཏང་བ་རེད། 

    ཁྲོ་ཆུ་རྫོང་དུ་ནགས་ཚལ་གྱི་ཁེབས་ཚད་82.3%ཟིན་པས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཆེ་བའི་ས་ཁུལ་དུ་གཏོགས། ཉེ་བའི་ལོ་ཤས་རིང་ཁྲོ་ཆུ་རྫོང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་མཆོག་ཏུ་བརྩི་བ། སྔོན་འགོག་གཙོ་བོར་འཛིན་པ། མེ་གསོད་ཟུང་འབྲེལ། ཚན་རིག་དང་མཐུན་པའི་མེ་གསོད་པ། བདེ་འཇགས་ཨང་དང་པོར་འཇོག་པ་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་པའི་ལས་ཀའི་རྩ་དོན་དང་ལས་ཀའི་བྱེད་ཕྱོགས་ནན་ཏན་ངང་ལག་བསྟར་བྱས་ཡོད། རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། སྡེ་ཚན་བཅས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཇུས་ཤུགས་མཉམ་འདོན་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་བྱས་པས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ནས། བསྟུད་མར་ལོ་33རིང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་བྱུང་མེད་པའི་གྲུབ་འབྲས་བླངས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1