བོད་ལྗོངས་རྫ་ཡུལ་གྱི་ལོ་མ་གྲོང་ཚོའི་རི་སྐྱེས་ཁམ་བུའི་གླིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-13




འདི་ནི་ལོ་མ་གྲོང་ཚོའི་ཟུར་ཞིག་ཡིན་པ།
          ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རྫ་ཡུལ་ལོ་མ་གྲོང་ཚོས་ལེགས་ཆ་སྣ་ཚོགས་གང་ལེགས་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། གྲོང་ཚོ་དེར་རང་བྱུང་གི་རི་སྐྱེས་ཁམ་བུའི་གླིང་ཞིག་ཡོད་པ་དང་དེའི་ཕྱོགས་གསུམ་དུ་རི་བོ་མུ་ལ་མུ་ཁྱུད་དུ་ཆགས་ཤིང་། དེ་ནི་ངོ་མཚར་ཆེ་བའི་རང་བྱུང་གི་དགའ་ཚལ་ཞིག་དང་ཁམ་བུའི་རྟེན་གཞི་ལྟ་བུར་གྱུར་ཡོད། ལོ་མ་གྲོང་ཚོར་སྔ་རྗེས་སུ“བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ”དང་། “ལོ་མ་སྐྱེ་ཁམས་ཡུལ་སྐོར་གྲོང་ཚོ”“ཡིད་རྟོན་གྲོང་ཚོ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1