“སྒྲོལ་མའི”ལོ་རྒྱུས་རྒྱབ་ལྗོངས་འཚོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-16



—— བོད་ཀྱི་བུད་མེད་ཚོའི་ལོ་ངོ་70ཡི་རིང་གི་སྐོར་བཀོད་པ།


འདི་ནི་བློ་བཟང་སྒྲོལ་མས་ལོ་ཆུང་བྱིས་པའི་མོ་ཐྲོལ་གསོ་སྦྱོང་ནང་ཞུགས་མཁན་སློབ་མར་སློབ་ཚན་ཁྲིད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ནོར་བུ་ཚེ་རིང་། ཝང་ཆིན་ཨའུ།
    ◆ 1959ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་ཡོད། བདེ་ཆེན་སྒྲོལ་མ་ཡང་བ་ཚང་ནང་འཚོ་བ་སྐྱེལ་མི་དགོས་པར། ཁོང་གི་ཕ་ཡུལ་ཏེ། ད་ཆའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་སྔོན་ལ་བྱས་པས“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད།
    ◆ དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་10སོང་རྗེས་སྒྲོལ་མ་ཞེས་འབོད་པའི་བུ་མོ་ཞིག་ཇོ་མོ་གླང་མའི་འདབས་ཀྱི་གཞིས་རྩེར་སྐྱེས། ད་ཆ་ཁོང་ནི་བོད་ཀྱི་གནམ་གཤིས་ཁྱབ་ཁོངས་ཀྱི་རྩེར་སོན་རིགས་གཅིག་མཁས་ཅན་ཞིག་རེད།
    ◆ བསོད་ནམས་སྒྲོལ་མ་ཞེས་པའི་བུ་མོ་ཞིག་བོད་ཤར་རྒྱུད་ཀྱི་ཆབ་མདོར་སྐྱེས། ཕྱིས་སུ་ཁོང་བོད་ཀྱི་ལྕགས་ལམ་ལས་དོན་པ་མི་རབས་དང་པོར་གྱུར།
    ◆ བློ་བཟང་སྒྲོལ་མས་2016ལོར་ཁོང་གིས་ཕ་ཡུལ་དུ་བྱིས་པའི་མོ་ཐྲོལ་དང་མཛེས་རྩལ་སློབ་གསོའི་གསོ་སྦྱོང་སྒྲིག་གཞི་ཞིག་བཙུགས།
    ◆ ལོ་13ལ་སླེབས་པའི་བུ་མོ་རྡོ་རྗེ་སྒྲོལ་མ་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་པོ་ཡོད་པ་དང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་སློབ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་ཁོ་མོས་རུ་མི་གཞན་དང་མཉམ་དུ་སྐྱེས་པའི་རུ་ཁག་ནང་ཞུགས་ནས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པར་གང་དགའ་གང་སྐྱིད་ངང་རྐང་རྩེད་སྤོ་ལོར་རོལ་བཞིན་ཡོད།
    ◆ ད་ཆ་བོད་དུ་བུད་མེད་ཁྲིམས་དཔོན་དང་། བུད་མེད་ཁྲིམས་རྩོད་པ། བུད་མེད་འཕུར་སྐྱོད་པ་སོགས་ཡོད་པ་དང་བུད་མེད་གཞུང་ལས་པས་གཞུང་ལས་པའི་བསྡོམས་འབོར་གྱི་33.3%བཟུང་ཡོད།
    1.“སྒྲོལ་མ”བ་ཚང་ནང་འཚོ་བ་སྐྱེལ་མཇུག་འགྲིལ་བ།
    བདེ་ཆེན་སྒྲོལ་མ་ད་ལོ་ལོ་65ལ་སླེབས་ཡོད་ཅིང་། ཁོང་གི་ཨ་མའི་མིང་གི་རྗེས་སུའང“སྒྲོལ་མ”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད“སྒྲོལ་མ”ཞེས་པའི་མིང་འདིས་ལྷ་མོའི་གཟུགས་བརྙན་མཚོན་གྱི་ཡོད། རྒན་རབས་ཚོས་རང་ཉིད་ལ་མིང་འདི་འདོགས་དོན་ནི་ནམ་མཁའི་ལྷ་མོས་རང་ཉིད་ལ་མགོན་སྐྱབས་བྱེད་པའི་རེ་བ་བྱས་པ་ཞིག་ཡིན་ཤས་ཆེ།
    འོན་ཀྱང་མ་སྨད་གཉིས་སྐྱེས་མ་ཐག་བ་ཚང་ནང་སྡོད་དགོས་པའི་ལས་དབང་ལྡོག་ཐབས་བྲལ་བ་མ་ཟད། མི་ཡུལ་དུ་སླེབས་མ་ཐག་སྐུ་དྲག་གི་གཞིས་ཀར་མི་ལུས་རང་དབང་མེད་པའི་ཞིང་བྲན་བྱེད་དགོས་བྱུང་ཡོད།
    སྐབས་དེ་དུས་བདེ་ཆེན་སྒྲོལ་མ་ཤ་རིད་ཅིང་རྟག་ཏུ་སྐྲ་ཟང་ཟིང་ཡིན་པ་དང་མཚན་མོ་དུད་འགྲོ་དང་མཉམ་དུ་བ་ཚང་ནང་ཉལ་ནས་སྡོད་དགོས་ཀྱི་ཡོད།
    1959ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་བས་བདེ་ཆེན་སྒྲོལ་མ་ཡང་བ་ཚང་ནང་འཚོ་བ་སྐྱེལ་དགོས་བྱུང་མེད། ཁོང་གི་ཕ་ཡུལ་ཏེ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་སྔོན་ལ་བྱས་པས་ད་ཆ“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་ཁེ་གསུམ་གྲོང་ཚོར་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་ནས“སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིགས”འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ་ཆུ་འགྲོ་དང་། གློག་སྒྲོན། སྔོ་ལྗང་མ་ལག་བཅས་བསྐྲུན་པ་མ་ཟད། དམངས་ཕན་ཞབས་ཞུའི་ལྟེ་གནས་དང་ཞིང་པའི་དཔེ་དེབ་ཁང་སོགས་ཀྱང་བསྐྲུན་ཡོད། 2017ལོར་ཁེ་གསུམ་སྡེ་ཁུལ་གྱི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད། 2020ལོར་སྡེ་ཁུལ་གྱི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་2.5ཟིན་ཡོད།
    བདེ་ཆེན་སྒྲོལ་མས“ང་རང་བ་ཚང་ནང་འཚོ་བ་སྐྱེལ་མཁན་ཁྱིམ་རྒྱུད་འདིའི་མི་རབས་བཞི་པ་ཡིན། ངའི་ཕྲུ་གུའི་དུས་སུ་དེ་སྔའི་འཚོ་བ་སྐྱོ་པོ་དེ་འདྲ་སྐྱེལ་མི་སྲིད”ཅེས་བརྗོད།
   2. “སྒྲོལ་མས”འཕེལ་རྒྱས་ཀྱི་དཔང་པོ་བྱེད་པ།
    དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་10སོང་རྗེས་སྒྲོལ་མ་ཞེས་འབོད་པའི་བུ་མོ་ཞིག་ཇོ་མོ་གླང་མའི་འདབས་ཀྱི་གཞིས་རྩེར་སྐྱེས། ད་ཆ་ཁོང་ནི་བོད་ཀྱི་གནམ་གཤིས་ཁྱབ་ཁོངས་ཀྱི་རྩེར་སོན་རིགས་གཅིག་མཁས་ཅན་ཞིག་རེད།
    སླར་ཡང་ལོ་ངོ་10སོང་རྗེས་བསོད་ནམས་སྒྲོལ་མ་ཞེས་པའི་བུ་མོ་ཞིག་བོད་ཤར་རྒྱུད་ཀྱི་ཆབ་མདོར་སྐྱེས། ཕྱིས་སུ་ཁོང་བོད་ཀྱི་ལྕགས་ལམ་ལས་དོན་པ་མི་རབས་དང་པོར་གྱུར།
    1986ལོར་སྒྲོལ་མ་དེ་སྔའི་ནན་ཅིང་གནམ་གཤིས་སློབ་གླིང་དུ་རྒྱུགས་འཕྲོད། ཁོང་གིས“རྒྱལ་ཁབ་ནས་མཐའ་མཚམས་མི་རིགས་ས་ཁུལ་ལ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཆེད། སྐབས་དེ་དུས་སློབ་གླིང་གིས་མི་རིགས་འཛིན་གྲྭ་སྐབས་ཁ་ཤས་བསྟུད་མར་བསྡུས་ཡོད། ང་ཚོའི་སྐབས་ཀྱི་སློབ་མ་རྣམས་ད་ཆ་བོད་ཀྱི་གནམ་གཤིས་ལས་རིགས་ཀྱི་རྐང་འཛིན་པ་ཤ་སྟག་རེད”ཅེས་བཤད།
   སློབ་གྲྭ་ཐོན་རྗེས་སྒྲོལ་མ་དིང་རི་རྫོང་གནམ་གཤིས་ཅུས་སུ་ལས་བགོས་བརྒྱབ་པ་དང་དེ་ནི་ཇོ་མོ་གླང་མ་དང་བར་ཐག་ཉེ་ཤོས་ཀྱི་གནམ་གཤིས་ས་ཚིགས་ཤིག་རེད། གནམ་གཤིས་ཇི་འདྲ་ཞིག་བསྟན་ནའང་ས་ཚིགས་དེའི་གནམ་གཤིས་ལྟ་ཞིབ་མཁན་གྱིས་དུས་བཀག་ནང་གྲངས་གཞི་ནོར་འཛོལ་མེད་པར་ལྟ་ཞིབ་བྱས་ཏེ་སྙན་སེང་ཞུ་དགོས་ཀྱི་ཡོད། ཐོ་རེངས་སུ་གྲང་ངར་ཆེ་བའི་ཇོ་མོ་གླང་མའི་འདབས་སུ་སྒྲོལ་མས་ལས་གནས་བརྟན་སྲུང་བྱེད་མཁན་རྒན་རབས་ཚོས་ས་སྟེང་དུ་གྲངས་གཞིར་ལྟ་བ་མཐོང་སྐབས། གནམ་གཤིས་ལས་དོན་པའི་ལས་འགན་ཇི་ལྟར་སྒྲུབ་པ་དང་འགན་འཁྲི་ཇི་ལྟར་འཁུར་དགོས་མིན་རང་བཞིན་ངང་ཤེས་རྟོགས་བྱུང་ཡོད།
   “ང་ཚོའི་ལས་ཀ་དེ་ཞིང་འབྲོག་པའི་ཐོན་འབབ་དང་མི་སྒེར་གྱི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པས་སྐར་ཆ་གཅིག་ཀྱང་ནོར་འཛོལ་ཤོར་ན་མི་འགྲིག”ཅེས་སྒྲོལ་མས་བཤད།
    2006ལོར་མེ་འཁོར་བབས་ཚུགས་ནས་ལྷ་སར་ཡོང་བའི་མེ་འཁོར་ཐེངས་དང་པོ་དེ་བསུ་སྐབས་བསོད་ནམས་སྒྲོལ་མས་ལས་འགན་ལྕི་པོ་ཡིན་པ་ཤེས་རྟོགས་བྱུང་ཡོད།
    འདི་ལོ་ལོ་40ལ་སླེབས་པའི་བསོད་ནམས་སྒྲོལ་མས་ངེས་གསལ་ལ་ཆུང་དུས་སློབ་ཆུང་དུ་འགྲོ་སྐབས་ལ་ཀླུང་མང་པོ་བརྒྱབ་ནས་ཉིན་གསུམ་བསྐྱོད་རྗེས་ལྗིད་ཐེག་རླངས་འཁོར་ནང་སླར་ཡང་ཉིན་གཅིག་བསྐྱོད་ཚེ་གཞི་ནས་རྫོང་གྲོང་དུ་འབྱོར་གྱི་ཡོད། ཕྱིས་སུ་ཁོང་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་རྗེས་རླངས་འཁོར་དང་གྲུ་གཟིངས་ལ་བསྡད་ནས་ཟླ་ཕྱེད་ཙམ་སོང་རྗེས་གཞི་ནས་ཧུའུ་ནན་གཡོད་དབྱང་དམའ་རིམ་སློབ་འབྲིང་དུ་འབྱོར་གྱི་ཡོད་པ་རེད།
    སློབ་སྦྱོང་བྱེད་པའི་ལམ་བར་དུ་དཀའ་ཚེགས་ཆེ་ནའང་བསོད་ནམས་སྒྲོལ་མས“ནང་སར་སློབ་སྦྱོང་བྱེད་པར་ཕྱིན་མེད་ཚེ་རང་ཉིད་ལ་ད་ལྟའི་གྲུབ་འབྲས་དེ་ལྟ་བུ་ཐོབ་ཐབས་བྲལ”ཞེས་བཤད།
    དུས་རབས་20པའི་ལོ་རབས་80པར་བོད་དུ་ཤེས་ལྡན་མི་སྣ་དཀོན་པ་དང་སློབ་གསོའི་རྨང་གཞི་ཅུང་ཞན་པའི་དོན་དངོས་ལ་དམིགས་ནས། རྒྱལ་ཁབ་ཀྱིས་ནང་སར་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)འཛུགས་རྒྱུའི་གཏན་འཁེལ་བྱས། 1985ལོའི་ཟླ་9པར་བོད་རིགས་ཀྱིས་གཙོ་བོ་བྱས་པའི་བོད་ཀྱི་སློབ་ཆུང་སློབ་ཐོན་སློབ་མ་ཁག་དང་པོ་ནང་སར་བསྐྱོད་དེ་བོད་ཀྱི་སློབ་གསོ་སྤེལ་སྟངས་གསར་པ་ཞིག་བཏོད།
    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་ད་བར་བསོད་ནམས་སྒྲོལ་མས་ལྷ་སའི་མེ་འཁོར་བབས་ཚུགས་སུ་ལས་ཀ་བྱས། ཁོང་ཐོག་མར་མེ་འཁོར་བབས་ཚུགས་སུ་ཡོང་སྐབས་ཉེ་འཁོར་ཚང་མ་ཞིང་ཁ་ཡིན་པ་དང་ད་ཆ་ལྷ་ས་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་གྱུར་ཡོད།
    མིག་སྔར་བོད་ལྗོངས་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཐག་སྤྱི་ལེ་954ཟིན་པ་དང་། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.7ལས་བརྒལ་བ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་95%དང་75%ཟིན་ཡོད།
   བོད་རྙིང་པར“བུད་མེད་ལ་རྒྱལ་དོན་གླེང་བའི་དབང་ཆ་མེད”ཅེས་པ་ཞལ་ལྕེའི་ནང་འཁོད་པ་དང་ད་ཆ་བོད་དུ་བུད་མེད་ཁྲིམས་དཔོན་དང་། བུད་མེད་ཁྲིམས་རྩོད་པ། བུད་མེད་འཕུར་སྐྱོད་པ་སོགས་ཡོད་པ་དང་བུད་མེད་གཞུང་ལས་པས་གཞུང་ལས་པའི་བསྡོམས་འབོར་གྱི་33.3%བཟུང་ཡོད།
    བོད་ཀྱི་བུད་མེད་ཚོས་དངོས་འབྲེལ“གནམ་ཕྱེད་ཀ”འདེགས་ཐུབ་ཡོད།
   3. “སྒྲོལ་མས”འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ།
    “90རྗེས་སྐྱེས”ཀྱི་བློ་བཟང་སྒྲོལ་མས་ང་ཆུང་དུས་ནས་མོ་ཐྲོལ་ལས་རིགས་དེར་དགའ་པོ་ཡོད། ཧྲའན་ཤིས་སུ་སློབ་ཆེན་འགྲིམ་སྐབས་ངས་མོ་ཐྲོལ་གསོ་སྦྱོང་ནང་མི་ཐོ་བཀོད་པ་ཡིན། སྐབས་དེ་དུས་སློབ་ཡོན་ཡང་གཞན་ལ་གཡར་བ་ཡིན། སློབ་གྲྭ་ཐོན་རྗེས་མོ་ཐྲོལ་དང་ཚབ་ཁྲིད་དགེ་རྒན་བྱས་ནས་གཞན་གྱི་ས་ནས་གཡར་བའི་དངུལ་སྐྱིན་པ་སྤྲོད་ཐུབ་བྱུང་། 2011ལོར་རང་ཉིད་འཛམ་གླིང་རིམ་འདས་མཛེས་མའི་འགྲན་བསྡུར་ཆེ་མོ་སྐབས་25པའི་ནང་ཞུགས་སྐབས་ཀྲུང་གོའི་ཁུལ་གྱི་མཐའ་བསྡུར་གྱི་ཨང་བཞི་པ་རག་བྱུང་ཞེས་བཤད།
    2016ལོར་ཁོང་གིས་ཕ་ཡུལ་ལྷ་སར་བྱིས་པའི་མོ་ཐྲོལ་དང་མཛེས་རྩལ་སློབ་གསོའི་གསོ་སྦྱོང་སྒྲིག་གཞི་ཞིག་བཙུགས།
   “ངས་ཕྲུ་གུའི་རང་རྐྱ་འཕེར་བ་དང་གདེང་ཚོད་ཡོད་པ་བྱེད་པར་མཐོང་ཆེན་བྱེད་ཀྱི་ཡོད། སོ་སོས་དགའ་བའི་ལས་ཀ་བྱེད་རྒྱུ་བྱུང་བས་དངོས་གནས་སྐྱིད་པོ་འདུག སློབ་མ་ཚོས་ཀྱང་རང་རང་སོ་སོའི་དགའ་བའི་ལས་ཀ་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་བློ་བཟང་སྒྲོལ་མས་བཤད།
    ས་བབ་སྨི་4300ལྷག་ཙམ་ཟིན་པའི་འདམ་གཞུང་རྩྭ་ཐང་སྟེང་གི་ལོ་13ལ་སླེབས་པའི་བུ་མོ་རྡོ་རྗེ་སྒྲོལ་མ་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་པོ་ཡོད་ཀྱང་ཕ་མས་རྒྱབ་སྐྱོར་བྱེད་ཀྱི་མེད།
    སློབ་གྲྭའི་དགེ་རྒན་གྱིས་རྡོ་རྗེ་སྒྲོལ་མར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་ལྟེ་བའི་སློབ་ཆུང་དུ་རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ཞབས་བྲོ་སོགས་སྤྲོ་སྣང་ཚོགས་ཆུང་མང་པོ་བཙུགས་ཡོད་པ་མ་ཟད། ད་དུང་སློབ་གྲྭའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གྲབས་འཛུགས་བྱེད་བཞིན་ཡོད། སློབ་སྤྱི་པ་སངས་ཚེ་རིང་གིས། སློབ་མ་ཚོ་ཕྱོགས་གང་ས་ཅི་ཐད་ནས་ཡར་རྒྱས་ཡོང་ཐབས་བྱས་ཏེ་ཉུང་མཐར་ཡང་དགའ་སྣང་གཅིག་གསོ་སྐྱོང་ཐུབ་པ་བྱེད་ཀྱི་ཡོད། “དེ་འདྲ་བྱུང་ན་ཁོང་ཚོ་སྤྱི་ཚོཌ་དང་མཉམ་འདྲེས་ཡག་པོ་ཐུབ་པ་མ་ཟད། སྤྲོ་སྣང་ལྡན་པའི་འཚོ་བར་ཡང་རོལ་ཐུབ”ཅེས་བཤད།
   ལུང་རིང་ཤང་སློབ་ཆུང་གི་ལོ་གཅིག་དུས་གཅིག་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་ཚུགས་པ་དང་། རྡོ་རྗེ་སྒྲོལ་མ་ཡང་འགྲན་བསྡུར་ལ་ཞུགས་ཡོད། ཨ་མས་ཁོ་མོར་ལྷམ་གསར་རྐྱང་ཞིག་སྤྲད།
    སྤོ་ལོའི་ཐང་དུ་ལྷགས་པ་བརྒྱབ་ནས་གྲང་ཟུག་ཆེན་པོ་ཡོད་ཀྱང་སྤོ་ལོ་ལྟ་མཁན་མང་པོ་ཡོད། རྡོ་རྗེ་སྒྲོལ་མས་ལྷམ་གསར་པ་གྱོན་ཏེ་རུ་མི་གཞན་དང་མཉམ་དུ་སྐྱེས་པའི་རུ་ཁག་ནང་ཞུགས།
   དེ་ནི་སློབ་གྲྭའི་དམིགས་བསལ་གཏན་འབེབས་ཡིན་ཞིང་། མི་བདུན་གྱི་འགྲན་བསྡུར་ནང་རུ་ཁག་རེར་ཉུང་མཐར་ཡང་བུ་མོ་རུ་མི་གཉིས་དགོས་ཀྱི་ཡོད། ཁོང་ཚོས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་སར་གང་དགའ་གང་སྐྱིད་ངང་རྐང་རྩེད་སྤོ་ལོར་རོལ་བཞིན་ཡོད།

འདི་ནི་སྒྲོལ་མས་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་གཞུང་དོན་ཁང་གི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1