གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༡༩ཉིན།

ཨ་མེ་རི་ཁ་དང་འཇར་པན་གྱི་འགོ་ཁྲིད་པས་མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཚེས་བཅུ་དྲུག་ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་དང་གྲོས་མོལ་བྱས་ལ། ཕྱོགས་གཉི་གས་ས་ཁུལ་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བསྒྲགས།
        གྲོས་མོལ་གྱི་རྗེས་སུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། པད་ཏིན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་འཇར་པན་གྱི་མནའ་མཐུན་འབྲེལ་བའི་དམ་བཅའ་གཏན་ཁེལ་གསལ་བོ་བྱས་ལ། ཨ་མེ་རི་ཁ་དང་འཇར་པན་གྱིས་པྲོག་གསར་རིམས་ནད་ལ་ཚོད་འཛིན་བྱེད་པ་དང་། གསར་དར་ཚན་རྩལ། ནམ་ཟླའི་འགྱུར་ལྡོག་དང་མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ནས་མཉམ་ལས་བྱེད་རྒྱུ་ཡིན་ཟེར།
        པད་ཏིན་གྱིས་ཨ་མེ་རི་ཁ་དང་འཇར་པན་གྱིས་མཉམ་ལས་བརྒྱུད་དེ་ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་ལས་བྱུང་བའི་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད།
        ཅན་དབྱི་ཝེ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཀྲུང་གོས་ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཞེས་པར་གྲོས་སྡུར་བྱས་པར་མ་ཟད། འཇར་པན་དང་ཨ་མེ་རི་ཁས་ཀྲུང་གོར་དེའི་ཐད་ནས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་དགོས་འདུག་ཅེས་བསྟན།
        ཕོ་བྲང་དཀར་པོས་ཉིན་དེའི་དགོང་མོར་ཨ་མེ་རི་ཁ་དང་འཇར་པན་གྱི་འགོ་ཁྲིད་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་དམ་བཅའ་བསྐྱར་བསྒྲགས་བྱས་པར་མ་ཟད། ཀྲུང་གོའི་བར་དུ་ཐུན་མོང་ཁེ་ཕན་ཁྱབ་ཁོངས་ནས་མཉམ་ལས་བྱེད་དགོས་འདུག་ཅེས་བཤད།
        ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། འཇར་པན་དང་ཨ་མེ་རི་ཁས་ཀྲུང་གོའི་དོ་སྣང་དང་རེ་བར་རྣམ་འགྱུར་ནན་མོ་འཛིན་དགོས་པ་ལས། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་ཀྲུང་གོའི་ཁེ་ཕན་ལ་གནོད་སྐྱེལ་བའི་གཏམ་སྤྱོད་ཡོད་མི་རུང་ཞེས་བཤད།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1