གོམས་སྟབས་བརྟན་པོས་འགོ་བཙུགས་ཤིང་། དུས་ཚིགས་དང་པོར་ཕན་འབྲས་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-20



        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྩེར་སོན་ཐོན་ལས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་ནས། དེང་རབས་ཞབས་ཞུའི་ལས་རིགས་ཀྱིས་གཙོ་བོ་བྱེད་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་འདེགས་སྐྱོར་བྱེད་པའི་འཐབ་ཇུས་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་གི་ལྟེ་བའི་ལྷུ་ཚིགས་ཁོང་དུ་གང་ལེགས་ཆུད་པ་དང་རིན་ཐང་སྦྲེལ་ཐག་གི་རྩེར་སོན་གནས་བབ་བཟུང་དགོས་ཞེས་ནན་སྟོན་གནང་ཡོད།
        ཧྲང་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོས་ནས་ནུས་ཤུགས་ཡོད་རྒུས་ཚོང་འགུག་དམ་འཛིན་བྱེད་པ་དང་། རྣམ་གྲངས་ནང་འདྲེན། མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་གཞིགས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་ཤུགས་ཆེར་གཏོང་བཞིན་ཡོད། ད་ལོའི་དུས་ཚིགས་དང་པོར། ཧྲང་ཧའེ་ཡི་མ་འཇོག་ཐད་སླར་གསོའི་རང་བཞིན་གྱི་འཕར་སྣོན་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། དཔལ་འབྱོར་གྱི་དམིགས་ཚད་མང་པོ་ཞིག་ལ་ཐོག་མའི་གྲུབ་འབྲས་ཡག་པོ་ཐོབ་པ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་དང་གོང་འཕེལ་གྱི་བཟང་ཆ་གསར་པ་བཏོད་ནས་འགུལ་ནུས་གསར་པ་ཁ་སྣོན་བྱས་ཡོད་པ་རེད།
        ཆིན་སི་ནི་གྲགས་ཅན་གྱི་མི་ཐབས་རིག་ནུས་ཁེ་ལས་ཤིག་གི་འགན་ཁུར་བ་ཡིན་ཞིང་། དུས་མཚམས་འདིའི་རིང་ཀུང་སིའི་རྣམ་གྲངས་གསར་པ་ཞིག་ལ་འགྲོ་ས་གསར་པ་ཞིག་འཚོལ་བཞིན་ཡོད། ཉེ་ཆར་སྐོང་འཚོགས་བྱས་མ་ཐག་པའི་ཧྲང་ཧའེ་གོ་ལ་ཧྲིལ་པོའི་མ་འཇོག་སྐུལ་འདེད་ཚོགས་ཆེན་ལ་ཞུགས་རྗེས་ཆིན་སི་ཡི་བསམ་འདུན་དེ་འགྲུབ་ཡོད། ཁོང་གིས། ང་ཚོ་བཅའ་སྡོད་བྱ་གྲབས་ཡོད་པའི་ནུབ་ངོགས་རིག་ནུས་ཐོག་ཁང་ནི་ཞུས་ཧུའེ་ཁུལ་གྱི་མི་ཐབས་རིག་ནུས་ཐོན་ལས་གོང་འཕེལ་གཏོང་བའི་ཚད་འཛིན་རྣམ་གྲངས་ཤིག་ཡིན་པ་དང་། མིག་སྔར་དེ་གར་ཕུལ་བྱུང་གི་ཁེ་ལས་མང་པོ་གཅིག་བསྡུས་བྱས་ཡོད་ཅིང་། དེས་ཀྱང་ང་ཚོའི་རྗེས་མཐུད་ཀྱི་ལས་སྒོ་སྤེལ་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བཤད་ཡོད།
        ཆིན་སི་ཀུང་སི་བཅའ་སྡོད་བྱས་པའི་ནུབ་ངོགས་རིག་ནུས་ཐོག་ཁང་ནི་མཐོ་ཚད་ལ་སྤྱི་ཁྲེ་200ཡོད་པའི་ཡིག་ལས་ཐོག་ཁང་གཉིས་ཡིན་ལ། དེ་ནི་ས་ཆ་དེ་གའི་ལྟེ་གནས་ཀྱང་ཡིན་པ་རེད། ན་ནིང་བསྐྲུན་གྲུབ་རྗེས། ནུབ་ངོགས་ཤེས་རིག་གླིང་གིས་མི་ཐབས་རིག་ནུས་ཁེ་ལས་20ལྷག་དེ་གར་བཅའ་སྡོད་བྱ་རྒྱུར་ཡིད་འགུག་བྱས་ཡོད་པ་དང་། ཐུ་ལིན་བྱ་དགའ་ཐོབ་མཁན་གཅིག་དང་། ཁང་གཉིས་ཀྱི་ཡོན་ཧྲི་བརྒྱད། དེ་བཞིན་ལག་རྩལ་ཤེས་ལྡན་པ་3000ལྷག་གཅིག་བསྡུས་བྱས་ཡོད། ཞུས་ཧུའེ་ཁུལ་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀོ་ཡན་ཐའོ་ཡིས། མིག་སྔར་ང་ཚོར་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་རེར་སྒོར་ཆིག་ཁྲི་ཡི་སྤྱིའི་ཐོན་སྐྱེད་བྱས་ཚད་ཟིན་ཡོད། ད་ལོ་ནུབ་ངོགས་ཤེས་རིག་གླིང་གིས་སླར་ཡང་བར་ཁམས་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་བཅུ་ཕྲག་ཁ་ཤས་བཏོན་ནས། འབྱུང་འགྱུར་གི་རིག་ནུས་ཁེ་ལས་དེ་གར་བཅའ་སྡོད་བྱ་རྒྱུར་བར་ཁམས་རྒྱ་ཆེན་པོ་ཞིག་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།
        འདུས་གྲུབ་གློག་ལམ་དང་། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས་སོགས་འགག་རྩའི་ཁྱབ་ཁོངས་གཅིག་བསྡུས་བྱས་ནས། ཧྲང་ཧའེ་ཡིས་ཐོན་ལས་གསར་གཏོད་ཀྱི་མཐོ་ས་ཧུར་ཐག་ངང་བསྐྲུན་བཞིན་ཡོད་པ་དང་འཛམ་གླིང་རིམ་པའི་ཐོན་ལས་ཁྱུ་ཚོགས་གང་མགྱོགས་གསོ་སྐྱོང་བྱེད་བཞིན་ཡོད་པ་རེད།
        ད་ལོའི་དུས་ཚིགས་དང་པོར། གྲོང་གསར་ལྔ་གསར་སྐྲུན་བྱེད་འགོ་ཚུགས་ཡོད་པ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མང་པོ་ཞིག་ལ་ཡང་ཐོག་མའི་གྲུབ་འབྲས་ཡག་པོ་ཐོབ་ཡོད།
        ལོ་འགོར། ཅ་ཏིང་གྲོང་གསར་གྱི་རྣམ་གྲངས་གལ་ཆེན་15ཡིས་གཅིག་བསྡུས་ལས་འགོ་ཚུགས་ཡོད་པ་དང་། སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་བརྒྱ་ལྷག་ཟིན་ཡོད། ནན་ཧུའེ་གྲོང་གསར་དེ་ཉིད་རང་མོས་ཉོ་ཚོང་ཁུལ་ལིན་ཀང་མུ་འབྲེལ་ཁུལ་གསར་གྱི་ལྟེ་བའི་ཁུལ་ཡིན་པའི་ངོས་ནས། ད་ལོའི་དུས་ཚིགས་དང་པོར་སྔོན་དཔག་བྱས་ན་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་149དང་བྱེ་བ་2ལེགས་གྲུབ་བྱས་ཡོད་པ་དེ་ན་ནིང་གི་དུས་མཚམས་དང་བསྡུར་ན་བརྒྱ་ཆ་102.4འཕར་ཡོད། བཟོ་ལས་ཀྱི་སྤྱིའི་ཐོན་འབབ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་539ལེགས་གྲུབ་ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་172འཕར་ཡོད། ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལིན་ཀང་མུ་འབྲེལ་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲུའུ་ཀྲི་སུང་གིས། རྩལ་ནུས་ཤེས་ལྡན་པ་དང་གསར་གཏོད་ལས་སྐྲུན་ཤེས་ལྡན་པ་སོགས་མུ་འབྲེལ་ཁུལ་གསར་གྱིས་གཙོ་གནད་ཐོག་ཡིད་འགུག་བྱེད་པའི་ཤེས་ལྡན་པའི་མི་ཚོགས་ལ་དམིགས་ནས་སྐས་རིམ་ཅན་གྱི་སྐར་སྣོན་སྲིད་ཇུས་ལག་བསྟར་བྱ་རྒྱུ་འཚོལ་ཞིབ་བྱ་རྒྱུ་དང་རྩལ་ནུས་ཤེས་ལྡན་པ་གཞིས་ཆགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཕྱི་རྒྱལ་གྱི་ཤེས་ལྡན་པར་སྲིད་ཇུས་ཀྱི་ཚད་བཀག་ལྷུག་ཏུ་གཏོང་རྒྱུ་བཅས་ཡིན། ང་ཚོས་ལོ་འདིའི་ནང་ད་དུང་ཚན་རྩལ་ཐོན་ལས་མདུན་གྲལ་གྱི་གཙོ་གནད་རྣམ་གྲངས་43འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དེར་སྤྱིའི་མ་འཇོག་བྱེད་ཚད་ཧ་ལམ་སྒོར་དུང་ཕྱུར་2000ཟིན་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
        དུས་ཚིགས་དང་པོར་རྒྱུན་མཐུད་ངང་འགོ་ཡག་པོ་བཙུགས་ཡོད་ཅིང་། ཧྲང་ཧེའི་ཡིས་སྤྱི་ཟླ་4པར་མུ་མཐུད་གོང་འཕེལ་མགྱོགས་སུ་གཏོང་བཞིན་ཡོད་པ་རེད། སྤྱི་ལོ་2021ལོའི་ཧྲང་ཧའེ་ཡི་གོ་ལ་ཧྲིལ་པོའི་མ་འཇོག་སྐུལ་འདེད་ཚོགས་ཆེན་ཐོག་འདུས་གྲུབ་གློག་ལམ་དང་སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས། དངུལ་རྩ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པའི་ཐོན་ལས་རྣམ་གྲངས་གལ་ཆེ་རིགས་216ལ་གཅིག་འདུས་ཐོག་གན་རྒྱ་བཞག་པ་དང་སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་4898ཟིན་ཡོད་པ་རེད། མཇུག་སྒྲིལ་མ་ཐག་པའི་སྐབས་བརྒྱད་པའི་ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་ལག་རྩལ་ཕྱིར་གཏོང་ནང་འདྲེན་ཚོང་འདུས་ཐོག་ཁེ་ལས་1028འགྲེམས་སྟོན་ནང་ཞུགས་པ་དང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཧྲང་ཧའེ་ཡི་ཝེ་ཀའོ་ཆའོ་གྲུ་ཁའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཉེ་ཆར་སྒོ་བྱང་བཀལ་བ་དང་རྣམ་གྲངས་ཆེན་པོ་8ལ་གཅིག་འདུས་ཐོག་གན་རྒྱ་བཞག་ཡོད་ཅིང་། དེའི་ནང་མཁའ་ཐོག་དང་མཚོ་ཐོག་སྐྱེལ་འདྲེན་མཉམ་སྒུལ་དང་ཁྲལ་སྲུང་རླངས་འཁོར་ཕྱིར་གཏོང་ནང་འདྲེན་ཐོན་ལས་སྦྲེལ་ཐག་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།
        བྱ་ཐབས་མང་པོ་མཉམ་བཟུང་བྱས་པའི་འོག ཧྲང་ཧའེ་ཡིས་རྨང་གཞི་སྒྲིག་བཀོད་གསར་པས་རྨང་གཞི་བྱེད་པ་དང་ཚན་རྩལ་གསར་སྐྲུན་བྱས་པ་བརྒྱུད་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་སྒུལ་ཤུགས་སྣོན་པ་དང་འགོ་འཛུགས་རྒྱུ་བརྟན་པོ་བྱུང་ཡོད། མ་འོངས་པར་ཧྲང་ཧའེ་ཡིས་མུ་མཐུད་དེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། གྲོང་གསར་ལྔ་དང་ཁྱད་ལྡན་ཐོན་ལས་གླིང་ཁུལ། དམངས་གཉེར་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་གཅིག་བསྡུས་ཁུལ་སོགས་ཀྱི་སྟེགས་བུར་བརྟེན་ནས། ཐོན་ལས་སྤུས་མཐོའི་གོང་འཕེལ་གྱི་འཕར་གནས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད། ཧྲང་ཧའེ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཅིང་ཁྲེང་གིས། ཧྲང་ཧའེ་ཡིས་རྣམ་གྲངས་ཡག་པོར་ས་ཆ་འདང་ངེས་ཡོད་པ་དང་ཐོན་ལས་ཡག་པོར་བར་ཁམས་ཡོད་པ། བཀོལ་སྤྱོད་ཡག་པོར་ངང་ཚུལ་ཡོད་པ། གསར་གཏོད་ཡག་པོར་ཤེས་ལྡན་མི་སྣ་ཡོད་པ། ཚོགས་པ་ཡག་པོར་ཐོན་ཁུངས་ཡོད་པ་བཅས་བྱེད་རྒྱུ་ཡིན་ཞེས་བསྟན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1