ཀྲུང་དབྱང་བརྙན་འཕྲིན་ཁང་གི་བོད་སྐད་བརྙན་འཕྲིན་དྲ་བ་ཤར་གཏོང་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


གྲངས་ཉུང་མི་རིགས་སྐད་ཀྱི་དྲ་བ་ཤར་གཏོང་མཛད་སྒོ།

 

གྲངས་ཉུང་མི་རིགས་སྐད་ཀྱི་དྲ་བ་ཤར་གཏོང་མཛད་སྒོའི་ཚོགས་ར།

             སྤྱི་ཟླ་12ཚེས་30ཉིན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དྲ་བ་སྟེ་ཀྲུང་གོའི་བརྙན་འཕྲིན་དྲ་བས་མིང་ལ་ཀྲུང་དབྱང་དྲ་ལམ་བརྙན་འཕྲིན་ཁང་གི་བོད་སྐད་འཕྲིན་ལམ་ཞེས་འབོད་པའི་བོད་སྐད་བརྙན་འཕྲིན་དྲ་བ་(http://tibetan.cntv.cn)ཤར་གཏོང་བྱས་འདུག་ལ། དྲ་བ་དེར་མཚོ་སྔོན་བོད་སྐད་རླུང་བརྙན་འཕྲིན་ཁང་དང་། བོད་ལྗོངས་བརྙན་འཕྲིན་ཁང་། དེ་བཞིན་ཁམས་པའི་བརྙན་འཕྲིན་ཁང་བཅས་མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཁང་ཆེ་གྲས་ཁག་གི་བརྙན་འཕྲིན་ལེ་ཚན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཡུལ་སྐད་ཆེན་པོ་གསུམ་ཚང་བའི་བརྙན་འཕྲིན་དྲ་བ་ཞིག་གྲུབ་པ་བྱས་ཡོད།

              ཉིན་དེར། ཀྲུང་དབྱང་བརྙན་འཕྲིན་དྲ་བས་བོད་སྐད་ཕུད། ད་དུང་སོག་སྐད་དང་ཡུ་གུར་སྐད། ཧ་སག་སྐད་བཅས་ཀྱི་བརྙན་འཕྲིན་དྲ་བ་ཤར་གཏོང་བྱས་པ་མ་ཟད། སྐད་རིགས་དེ་ཡོངས་ཀྱི་ཁ་པར་པར་གཞིའི་དྲ་བའང་ཤར་གཏོང་བྱས་འདུག

 

གྲངས་ཉུང་མི་རིགས་སྐད་ཀྱི་དྲ་བ་ཤར་གཏོང་མཛད་སྒོའི་རིག་རྩལ་འཁྲབ་སྟོན།

 

ཚོགས་ཞུགས་མགོ་ཁྲིད་རྣམས་ཀྱིས་གྲངས་ཉུང་མི་རིགས་སྐད་ཀྱི་སྨྱན་སྦྱོར་གསར་བའི་སྐོར་ལ་བཞུགས་མོལ་གནང་བཞིན་པ།

             གྲངས་ཉུང་མི་རིགས་ཀྱི་སྐད་རིགས་དེ་དག་གི་བརྙན་འཕྲིན་དྲ་བ་ཤར་གཏོང་བྱེད་པའི་མཛད་སྒོ་སྟེ་ གྲངས་ཉུང་མི་རིགས་སྐད་ཀྱི་སྨྱན་སྦྱོར་གསར་བ་ཤར་གཏོང་མཛད་སྒོ་ཞེས་པའི་ཐོག རྒྱལ་ཁབ་བརྡ་འཕྲིན་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་འགན་འཛིན་གཞོན་པ་ཕིང་པོ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅི་ཏེ་མ་ཅ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་འགན་འཛིན་ཧུའུ་ཀྲེན་ཧྥན་སོགས་མགོ་ཁྲིད་ཕེབས་ཤིང་སྐད་རིགས་སྣ་བཞིའི་བརྙན་འཕྲིན་དྲ་བ་དངོས་སུ་ཤར་གཏོང་བྱས་པ་ཁྱབ་བསྒྲགས་གནང་བ་མ་ཟད། གྲངས་ཉུང་མི་རིགས་སྐད་ཀྱི་སྨྱན་སྦྱོར་གསར་བའི་གླེང་སྟེགས་ཚོགས་ཤིང་གྲངས་ཉུང་མི་རིགས་སྐད་ཀྱི་སྨྱན་སྦྱོར་གསར་བའི་མ་འོངས་པའི་སྐོར་སོགས་ལ་དགོངས་འཆར་ལྷུག་གླེང་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1