ལི་ཐང་ཞིང་འབྲོག་མང་ཚོགས་ཀྱིས་བློ་བདེའི་ཞིང་ལས་རྒྱུ་ཆས་ལེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-22


        ཉེ་ཆར། ལི་ཐང་རྫོང་གི2021ལོའི་ཐོན་ལས་དར་རྒྱས་གཏོང་བའི་བློ་བདེའི་ཞིང་ལས་རྒྱུ་ཆས་སྤྲོད་པའི་མཛད་སྒོ་དང་སྤྱི་ལེ་བརྒྱའི་འབྱུང་འཕྲོད་སྐྱེ་ཁམས་ཞིང་འབྲོག་ཐོན་ལས་ཁུལ་འཛུགས་སྐྲུན་བྱེད་མགོ་འཛུགས་པའི་མཛད་སྒོ་དེ་འཇའ་བ་ཡུལ་ཤོག་ཞིང་ལས་ཚན་རིག་ཁང་དུ་སྤེལ། འཇའ་བ་གྲོང་རྡལ་གྱི་ཞིང་འབྲོག་པས་དེ་གར་བློ་བདེའི་ཞིང་ལས་རྒྱུ་ཆས་བླངས་པ་རེད།
        ད་ཆ་ལི་ཐང་རྫོང་གི་དཔྱིད་རྨོད་ཐོན་སྐྱེད་ཁྱོན་ཡོངས་ནས་ལག་ལེན་བསྟར་མགོ་ཚུགས་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དང་། ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ལི་ཐང་རྫོང་གིས་རྫོང་གིས་གླིང་ཁུལ་ལ་དོ་དམ་དང་ཡུལ་ཤོག་གིས་རྟེན་གཞིར་དོ་དམ། གྲོང་ཚོས་དཔེ་སྟོན་དུད་ཚང་ལ་དོ་དམ་བཅས་བྱེད་པའི་སྤྱིའི་ཐོན་ལས་བསམ་ཕྱོགས་དང་། འབྲུ་རིགས་དང་སྣུམ། ཤ་བཅས་ཁྱོན་ཡོངས་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཐོན་ལས་ཁྱབ་ཚུལ་གཏན་འཁེལ་བྱས་པ་རེད། འདི་ལོ་ལི་ཐང་རྫོང་གིས་ཞོག་ཁོག་སོན་བཟང་ཏུན750དང་ནས་སོན་ཏུན120དང་། ཡུ་གུ་ཏུན462དང་། པད་ཁ་ཏུན3.5དང་། སྔོ་ཚལ་ཏུན0.5དང་། ཞིང་སྤྱོད་འགྱིག་ཤོག་ཏུན5དང་། སྐྱེ་ལྡན་ལུད་ཏུན662དང་། གཟེ་དབྱིབས་ལྕགས་ར་སྨི་ཁྲི1.04དང་། ཞིང་སྤྱོད་ཐོན་སྐྱེད་ཡོ་བྱད་ཆ་འགྲིག6100སོགས་ཐོན་སྐྱེད་དངོས་ཟོག་གཏོང་འདྲེན་བྱས་ནས་ཡུལ་གྲོང22ལ་རིན་སྒོར་ཁྲི1140ལྷག་རི་བའི“བློ་བདེའི་ཞིང་སྤྱོད་རྒྱུ་ཆས”རིན་མེད་དུ་སྤྲད་ཡོད། དེའི་དམིགས་ཡུལ་ནི་ཐོན་ལས་རྟེན་གཞི་སྔར་བས་ཡག་པོ་བསྐྲུན་ནས་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་ཡག་པོ་བྱས་ཏེ་ཐོན་ལས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་དེ་རེད།
        ཞིང་ལས་ལག་རྩལ་མཁས་ཅན་ལི་ཀོང་ལིན་གྱིས་སྤྱི་ཟླ4པའི་ཚེས19ཉིན་ང་ཚོའི་གྲོང་ཚོས་དཔྱིད་རྨོད་བྱེད་མགོ་བཙུགས་པ་དང་དེ་རིང་ཞོག་ཁོག་སྤྱི་རྒྱ4000དང་ནས་སྤྱི་རྒྱ1000བླངས་ནས་ཞོག་ཁོག་མུའུ113བཏབ་པ་དང་ནས་མུའུ190བཏབ་ནས་ཐོན་འབབ་མང་དུ་བཏང་སྟེ་འབྲུ་རིགས་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱས་ཡོད་ཅེས་བཤད། རྫོང་ཞིང་འབྲོག་ཞིང་སྡེ་ཅུས་ཀྱིས་ཀྱང་གྲོང་ཞུགས་ཞིང་ལས་ལག་རྩལ་མི་སྣ་དང་ཞིང་ལས་ལག་རྩལ་ཞབས་ཞུ་སྐོར་སྐྱོད་ཚོ་ཆུང་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ལ་དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་དོན་སྤེལ་དགོས་པའི་བཀོད་སྒྲིག་བྱས་ཡོད། རང་རྫོང་གིས2016ལོ་ནས་བཟུང་མི་སེར་ལ་བློ་བདེའི་ས་བོན་རིན་མེད་ངང་སྤྲད་པ་དེས་སོན་བཟང་ཁེབས་ཚད་དང་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་པས་མུའུ་རེའི་འབྲུ་རིགས་ཐོན་འཕར་བརྒྱ་ཆ10ཡན་ལ་ཟིན་ནས་དབུལ་ཐར་འགག་སྒྲོལ་དང་ཐོན་ལས་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་ཅེས་བཤད།
        ཤེས་རྟོགས་བྱུང་བར་གཞིགས་ན།2016ལོ་ནས་བཟུང་ལི་ཐང་རྫོང་གིས་ཞོག་ཁོག་ཨང9པ་དང10པ། ཤིས་སེན་ཨང6པ་བཅས་ཀྱི་ཞོག་ཁོག་སོན་བཟང་ནང་འདྲེན་བྱས་པ་དང་། ཁམས་ཆིང་ཨང9པ་དང་། བོད་ནས་ཨང2000པ། ནས་ནག6པ་བཅས་ཀྱི་ནས་སོན་བཟང་པོ་ཏུན3000ལྷག་ཙམ་ནང་འདྲེན་བྱས་ཡོད། རིམ་རྩིས་བྱས་ན་ཐོན་ལས་རྟེན་གཞི་མུའུ་ཁྲི12བསྐྲུན་ནས་ཐོན་ལས་དབུལ་སྐྱོར་དང་ཡུལ་སྡེ་དར་རྒྱས་ཡོང་ཆེད་སྲ་ཞིང་བརྟན་པའི་ཐོན་ལས་ཀྱི་རྨང་གཞི་བཏིང་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1