ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་རྒྱལ་སྤྱིའི་ཟླ་བའི་གོ་ལའི་སྟེང་གི་ཚན་རིག་ཞིབ་འཇུག་ས་ཚིགས་མཉམ་སྐྲུན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།༝ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-25


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་རྒྱལ་སྤྱིའི་མཁའ་ལམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་རྒྱལ་ཁབ་ཀྱི་མཁའ་ལམ་ཅུའུ་དང་ཨུ་རུ་སུ་རྒྱལ་ཁབ་ཀྱི་མཁའ་ལམ་སྡེ་ཚོགས་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་འཆར་ཡོད་པའི་རྒྱལ་སྤྱིའི་ཟླ་བའི་གོ་ལའི་སྟེང་གི་ཚན་རིག་ཞིབ་འཇུག་ས་ཚིགས་མཚམས་སྦྱོར་དྲིལ་སྒྲོག་ཚོགས་འདུ་ནན་ཅིན་དུ་བསྡུས། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀས་ཀྲུང་གོ་རྒྱལ་ཁབ་ཀྱི་མཁའ་ལམ་ཅུའུ་དང་ཨུ་རུ་སུ་རྒྱལ་ཁབ་ཀྱི་མཁའ་ལམ་སྡེ་ཚོགས་ཀུང་ཟིས་མཉམ་དུ་རྒྱལ་སྤྱིའི་ཟླ་བའི་གོ་ལའི་སྟེང་གི་ཚན་རིག་ཞིབ་འཇུག་ས་ཚིགས་མཉམ་སྐྲུན་བྱེད་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། རྒྱལ་སྤྱིའི་ཟླ་བའི་གོ་ལའི་སྟེང་གི་ཚན་རིག་ཞིབ་འཇུག་ས་ཚིགས་བསྐྲུན་པའི་ཐད་ལས་གཞི་དེར་སྤྲོ་བ་ཆེ་བའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས། རྒྱལ་སྤྱིའི་རོགས་རེས་འབྲེལ་བ་བཅས་གང་ཡིན་ལ་སྒོ་ཡངས་པོར་འབྱེད་རྒྱུ་ཡིན་པའི་བསམ་པ་མངོན་སུམ་བསྟན་པ་དང་། རྒྱལ་སྤྱིའི་ཟླ་བའི་གོ་ལའི་སྟེང་གི་ཚན་རིག་ཞིབ་འཇུག་ས་ཚིགས་ཀྱི་འཆར་འགོད་དང་སྒྲུབ་བྱེད། ཇུས་འགོད། སྒྲིག་སྦྱོར། ལག་བསྟར། འཁོར་རྒྱུག་སོགས་ཀྱི་ཕྱོགས་ནས་མཉམ་ལས་སྤེལ་ཆོག་པར་མ་ཟད། ལས་རིམ་ཁག་སོ་སོའི་དུས་རིམ་སོ་སོ་དང་འོས་འགན་གྱི་ངོས་སོ་སོའི་སྟེང་དུ་དངོས་སམ་བརྒྱུད་པའི་སྒོ་ནས་ཞུགས་པར་དགའ་བསུ་ཞུ་བའི་བསམ་པའང་བསྟན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1