གནམ་སྐྱོང་གོང་མའི་ཐམ་ག་རིན་གོང་ཧ་ཅང་མཐོན་པོར་བཙོངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-27


ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་སྣོལ་འབྲུག་གཡང་ཊི་དཀར་པོའི་ཐམ་ག
          ཟླ4པའི་ཚེས22ཉིན། 2021ལོའི་སུའུ་ཧྥུ་པི་ཞང་ཀང་གི་དཔྱིད་དུས་རྡེག་ཚོང“ཀྲུང་གོའི་སྒྱུ་རྩལ་གྱི་རྩ་ཆེའི་དངོས་རྫས”ཆེད་གཉེར་ཚོང་རའི་ཁྲོད་དུ། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་སྣོལ་འབྲུག་གཡང་ཊི་དཀར་པོའི་ཐམ་ག་དེ་ཞང་ཀང་གི་སྒོར་མོ145,691,000བྱས་ཏེ་བཙོངས་པ་རེད། གཡང་ཊིའི་ཐམ་ག་འདི་ནི་སྤུས་ཀ་དག་པའི་གཡང་ཊི་དཀར་པོའི་སྣོལ་འབྲུག་ཡིན་པ་དང་ཉིན་ངོས་སུ་འཁྱོག་བྲིས་ཀྱིས“ཅི་ཨེན་ཐང”ཞེས་བྲིས་ཡོད། ཐམ་ག་དེའི་ཕྱོགས་བཞི་བོར་ཆན་ལུང་གོང་མས་བརྩམས་པའི《ཅི་ཨེན་ཐང་གི་གཞུང་ཚིག》ཆ་ཚང་བརྐོས་ཡོད་ལ། ཐམ་ག་ཧྲིལ་པོའི་བཟོ་རྩལ་ཡག་པོ་ཡོད་ལ་མེར་བསྲེགས་པའི་ཤུལ་ཡང་མཐོང་ཐུབ། ཆེད་མཁས་པས་ཐམ་ག་འདི་སྔོན་ཆད་ཡོན་མིང་ཡོན་གླིང་གའི་ཅི་ཨེན་ཐང་དུ་ཉར་ཚགས་བྱས་ཡོད་པ་དང་། ཡོན་མིང་ཡོན་གླིང་ག་དེ1860ལོར་དབྱིན་ཧྥ་མཉམ་འབྲེལ་དམག་གིས་ཅི་ཨེན་ཐང་དང་བཅས་པ་འཕྲོག་བཅོམ་བྱས་པ་དང་། ཐམ་ག་འདི་ཕལ་ཆེར་མེ་སྐྱོན་ཆེན་པོ་དེའི་ནང་བསྲེགས་ཏེ་ད་ལྟའི་རྣམ་པ་འདི་འདྲར་ཆགས་སོང་བར་ངོས་འཛིན་བྱེད་ཀྱིན་ཡོད།

ལྟད་མོ་བས་སྔོན་འགྲེམས་སྟེང་ནས་མིང་ཆིང་རྒྱལ་རབས་ཀྱི་གཡང་ཊིའི་ཐམ་གར་ལྟ་བཞིན་པ།
          ཟླ4པའི་ཚེས22ཉིན། 2021ལོར་སུའུ་ཧྥུ་པི་ཡིས་ཞང་ཀང་གི་དཔྱིད་དུས་ཀྱི་རྡེག་ཚོང“ཀྲུང་གོའི་སྒྱུ་རྩལ་གྱི་དངོས་རྫས་རྩ་ཆེན”ཆེད་གཉེར་ཚོང་རའི་ཁྲོད་དུ། ཚོད་རྩིས་རིན་གོང་བསྡོམས་པས་ཞང་ཀང་གི་སྒོར་མོ་དུང་ཕྱུར3ལ་ཉེ་བའི་མིང་ཆིང་གི་ཐམ་ག་གསུམ་འཚོང་འགོ་བརྩམས་པ་དང་། དེའི་ནང་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་སྣོལ་འབྲུག་གཡང་ཊིའི་ཐམ་ག(དཀྱིལ)དེ་ཞང་ཀང་སྒོར་མོ145,691,000བྱས་ཏེ་བཙོངས་པ་དང་། ཡུང་ལི་ཝུན་རྒྱལ་མོའི་གཡང་ཊིའི་ཐམ་ག་ཡིན་པའི་མིང་རྒྱལ་རབས་ཀྱི་ཕོ་བྲང་གི་ཤུལ་བཞག་ནོར་བུ(གཡོན)དེ་ཞང་ཀང་སྒོར་མོ43,430,000བྱས་ཏེ་བཙོངས་ཤིང་། གོང་མ་ཁང་ཞི་ཡི་ཙན་དན་གྱི་གཅན་གཟན་སྣོལ་མའི་ཐམ་ག(གཡས)དེར་ཉོ་བདག་མ་བྱུང་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1