དར་མདོའི་ཕག་མོ་རི་བོར་ཕུག་ལམ་སྐྲུན་བཞིན་པའི་སྒང་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-27




དར་མདོའི་ཕག་མོ་རི་བོར་ཕུག་ལམ་སྐྲུན་བཞིན་པའི་སྒང་རེད།

    སྤྱི་ཟླ4པའི་ཚེས24ཉིན་གསར་འགོད་པས་སི་ཁྲོན་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དར་མདོ་ནས་ར་རྔ་ཁའི་བར་གྱིK1-1རྣམ་གྲངས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པ་ཙམ་ལ། མེ་སྒྱོགས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་གཡག་ཡེ་མྱུར་ལམ་གྱི་དར་མདོའི་ས་མཚམས་བརྒལ་སའི་དུམ་མཚམས་དང་པོའི་ཕག་མོ་རི་བོའི་ཕུག་ལམ་གཉིས་པ་ནས་གཡོན་གྱི་ཕུག་ལམ་སྔོག་འདོན་བྱེད་ཚད་སྨི1000ལས་བརྒལ་ཡོད་པ་རེད།

     ཕག་མོ་རི་བོའི་ཕུག་ལམ་གཉིས་པའི་གཡོན་ཐིག་གི་རིང་ཚད་ལ་སྨི6785དང་གཡས་ཐིག་གི་རིང་ཚད་ལ་སྨི6660ཡོད། ཕུག་ལམ་དང་པོ་དང་མཉམ་དུ་ལམ་ཐག་ཧྲིལ་པོར་སྤྱི་ལེ15ཡོད་པའི་ཕུག་ལམ་གྱིས་གྲུབ་པ་ཡིན་ལ། དེ་ནི་གཡག་ཡེ་མྱུར་ལམ་གྱི་དར་མདོའི་ས་ཁོངས་བརྒལ་མཚམས་ཀྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཕག་མོ་རི་བོའི་ཕུག་ལམ་གཉིས་པའི་འཇུག་སྒོ་དང་འབུད་སྒོ་གཉིས་ཀྱི་མཐའ་སྣེ་གཉིས་ཀ་དར་མདོ་གྲོང་ཁྱེར་གྱི་གཉའ་ལུང་མགོ་ཡུལ་ཤོག་ན་ཡོད་ལ། འབུད་སྒོ་དང་འཇུག་སྒོའི་སྣེའི་གཟར་ཚད1.9%-492.5%ཡིན་ལ། མཐོ་ཚད་སྨི152ཟིན་པས་ཕུག་ལམ་དེ་ནི་གྱེན་ལ་འགོ་བ་དང་གཅིག་མཚུངས་ཡིན་པས། འཛམ་གླིང་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཆེ་ཤོས་སུ་གྱུར་པ་རེད། ཕུག་ལམ་ཨང་གཉིས་པའི་ཁྱད་ཆོས་ནི་ས་གཤིས་ཀྱི་ཆ་རྐྱེན་དེ་བས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་ཞིག་ཡོད་ཅིང་། དེ་ནིⅨས་ཡོམ་ཁུལ་དུ་གནས་པར་མ་ཟད། གཡག་རྭ་གཙང་པོ་དང་གཤིས་ཆུའི་གས་སྲུབས་དུམ་བུ་སོགས་འགུལ་སྐྱོད་རང་བཞིན་གྱི་གས་སྲུབས་ས་རྒྱུད་དང་། རི་ཉིལ་ཁུལ་བཅས་ཀྱི་དབྱིབས་འགྱུར་ཆེ་བའི་ས་རྒྱུད་དུ་གནས་པས། ཕུག་ལམ་གྱི་ཁ་ནི་ཐུར་བབ་ཡིན་པ་སོགས་ས་གཤིས་ཞན་པས། དོ་དམ་ཚོད་འཛིན་གྱི་བླང་བྱ་མཐོ་བ་དང་ཨར་ལས་ཀྱི་དཀའ་གནད་ཆེན་པོ་ཡོད་པ་རེད།

དར་མདོའི་ཕག་མོ་རི་བོར་ཕུག་ལམ་སྐྲུན་བཞིན་པའི་སྒང་རེད།

     འདི་ལོའི་ལོ་གསར་རྗེས་ནས་ལས་མགོ་བསྐྱར་དུ་ཚུགས་པ་ནས་བཟུང་། དར་མདོ་ནས་ར་རྔ་ཁའི་བར་གྱི་མྱུར་ལམK1-1རྣམ་གྲངས་པུའུ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ཏེ་ཏང་ཡོན་ལས་བྱེད་པས་འཛུགས་སྐྲུན་ནང་ཞུགས་མཁན་ཡོངས་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་གི་སྲོག་ཤིང་དང་ཐོན་སྐྱེད་གཉེར་སྐྱོང་ལྟེ་གནས་གཉིས་མཉམ་དུ་མཉམ་འགུལ་བྱས་ཡོད། མིག་སྔའི་བར་ཕག་མོ་རི་བོའི་ཕུག་ལམ་ལས་གྲྭ50%ཡན་སྔོག་འདོན་བྱས་ཟིན་ལ་ད་ལོའི་ལོ་མཇུག་ཏུ་ཕུག་ལམ་ཨང་དང་པོའི་འབུད་སྒོའི་དུམ་བུར་སྔོན་ལ་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1