སློབ་གསོ་པུའུ་ཡིས་སློབ་མའི་ལས་བྱའི་སྐོར་ལ་བླང་བྱ་འདི་དག་བཏོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-28



        ཉེ་ཆར་སློབ་གསོ་པུའུ་གཞུང་དོན་ཐིང་གིས《འོས་འགན་སློབ་གསོའི་སློབ་གྲྭའི་སྦྱོང་ཚན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམས་པ་རེད།
        ཟླ4པའི་ཚེས25ཉིན་གྱི་ཕྱི་དྲོར། གསར་འགོད་པས་སློབ་གསོ་པུའུ་ཡི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན།《བརྡ་ཐོའི》ནང་ཡིག་ཐོག་གི་ལས་བྱའི་བསྡོམས་འབོར་ཚོད་འཛིན་ནན་པོ་བྱས་ཏེ།  སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་ཐོག་གི་ཁྱིམ་སྦྱོང་ལས་བྱ་བཀོད་སྒྲིག་མི་བྱེད་པ་དང་། སློབ་ཆུང་ལོ་རིམ་གཞན་དག་གི་ཉིན་རེའི་ཡིག་ཐོག་གི་ལས་བྱ་ཆ་སྙོམས་ཀྱིས་དུས་ཚོད་སྐར་མ60ལས་མི་བརྒལ་བ་དང་། དམའ་འབྲིང་སྐར་མ90ལས་མི་བརྒལ་བའི་བླང་བྱ་བཏོན་ཡོད། 
        དེ་དང་ཆབས་ཅིག《བརྡ་ཐོའི》ནང་སློབ་མར་རང་ཉིད་ཀྱི་ལས་བྱ་རང་གིས་དག་བཅོས་བྱ་དགོས་པའི་བླང་བྱ་བཏོན་མི་ཆོག་ལ། ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་གམ་རྣམ་པ་གཞན་དུ་བསྒྱུར་བའི་ལས་བྱ་བཀོད་སྒྲིག་བྱེད་མི་ཆོག་པ་དང་ལས་བྱ་དག་བཅོས་བྱེད་དགོས་པའི་བླང་བྱ་གཏན་ནས་བཏོན་མི་ཆོག  སློབ་མའི་ལས་བྱ་དེ་སློབ་གྲྭའི་ནང་གི་མི་སྣ་གསོ་སྐྱོང་བྱེད་པའི་དགེ་རྒན་གྱིས་མཆན་འགོད་དག་བཅོས་བྱེད་དགོས་པའི་ཁ་གསལ་པོར་བཏོན་ཡོད།
        སློབ་གསོ་པུའུ་ཡི་རྨང་གཞིའི་སློབ་གསོ་ཁང་གི་འགོ་འཛིན་པ་ལུའི་ཡུས་ཀང་གིས་མཚམས་སྦྱོར་གནང་བ་ལྟར་ན། མིག་སྔར་ས་ཁུལ་དང་སློབ་གྲྭ་ཁག་གཅིག་ཏུ་སྔར་བཞིན་ལས་བྱའི་ནུས་པ་གཞན་འགྱུར་དང་། གྲངས་འབོར་མང་བ། སྤུས་ཀ་ཞན་པ། མི་སྣ་གསོ་སྐྱོང་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་གནས་ཡོད།《བརྡ་ཐོའི》ནང་གོང་གསལ་གྱི་གནད་དོན་ལ་དམིགས་ཏེ་ལས་བྱ་ཡིས་མི་སྣ་གསོ་སྐྱོང་བྱེད་པར་ནུས་པ་འདོན་པ་ཇེ་ལེགས་སུ་བཏང་ནས་སློབ་མའི་ཚད་ལས་བརྒལ་བའི་ལས་བྱའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུར་བླང་བྱ་བཏོན་ཡོད་ཟེར།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1