ཝུན་ཁྲོན་རྫོང་དུ་ཀྲུང་ལུགས་གཡོས་སྦྱོར་ལག་རྩལ་གྱི་གསོ་སྦྱོང་སྤེལ།

གསང་བདག་སྒྲོལ་མས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 04-28





    གྲོང་གསེབ་ཀྱི་ངལ་རྩོལ་བའི་ལས་ཞུགས་ལག་རྩལ་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་ཆེད་དང་། མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་རོགས་རམ་བྱ་ཆེད། ཉེ་ཆར། ཝུན་ཁྲོན་རྫོང་དུ་2021ལོའི་ཀྲུང་ལུགས་གཡོས་སྦྱོར་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ཝུའེ་ཀྲོའུ་གྲོང་རྡལ་ཆི་ཕན་ཀོའུ་གྲོང་སྡེར་སློབ་མགོ་ཚུགས་ཤིང་། སྡེ་མི་42གསོ་སྦྱོང་ལ་ཞུགས་ཡོད།
    ཐེངས་འདིའི་གསོ་སྦྱོང་ནི་ཉིན་10ལ་སྤེལ། གཅིག་སྡུད་ཀྱིས་སློབ་ཁྲིད་དང་གཡོས་སྦྱོར་བྱེད་ཚུལ། དངོས་སུ་ལག་ལེན་སོགས་ཀྱི་བྱ་ཐབས་བརྒྱུད། སློབ་མ་ཚོར་རྐོ་བཟོའི་ལག་རྩལ་དང་ཁྱད་ལྡན་བཟའ་བཅའ་སོགས་ཆེད་ལས་གཡོས་སྦྱོར་བྱེད་སྟངས་ཁྲིད་ནས་སློབ་མའི་བཟའ་བཏུང་ཞབས་ཞུའི་འདུ་ཤེས་དང་ཆུ་ཚད་མཐོ་རུ་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1