གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༢༩ཉིན།

​བོད་ལྗོངས་ཀྱིས་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བ།



འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་གི་རྫ་དཀར་བཟོ་མཁན་གྱིས་རྫ་ཆས་བཟོ་བཞིན་པའི་ཚུལ་རེད།



འདི་ནི་ལྷ་ས་གྲོང་ཁྱེར་ཞོལ་འདོད་དཔལ་སྒྱུ་རྩལ་སློབ་གྲྭའི་སློབ་མས་དཔར་ཤིང་ལག་རྩལ་སྦྱོང་བཞིན་པའི་ཚུལ་ཡིན།

        བོད་ལྗོངས་ལ་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ལག་ཤེས་བཟོ་རྩལ་དེར་ལོ་རྒྱུས་རྒྱུན་འཛིན་དང་མི་རིགས་ཀྱི་ས་ཁོངས་ཁྱད་ཆོས་ཆེན་པོ་ལྡན་ཡོད་པས་དུས་རྒྱུན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུལ་སྐོར་ཁྲོམ་ར་སླར་གསོ་བྱུང་བར་བསྟུན་བོད་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ལ་གསོན་ཤུགས་རྒྱས་པ་དང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་འབོར་ཆེན་ཞིག་གིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་དེང་རབས་ཀྱི་གཞི་རྒྱུ་རྒྱུན་ཆད་མེད་པར་བསྡུས་པར་ས་གནས་ཁག་གི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་པ་རེད།



འདི་ནི་ལྷ་ས་གྲོང་ཁྱེར་ཉང་བྲན་མི་རིགས་ལག་ཤེས་བཟོ་རྩལ་དང་གྱོན་ཆས་བཟོ་གྲྭའི་སློབ་ཕྲུག་གིས་མི་རིགས་ཀྱི་རྒྱན་གོས་འཚེམ་བཟོ་ལག་རྩལ་སློབ་སྦྱོང་བྱེད་བཞིན་པ།



འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་ལ་རྒྱབ་གྲོང་ཚོའི་གྲོང་མིས་སྨྱུག་མའི་བཟོས་པའི་ཡོ་བྱད་བཟོ་བཞིན་པའི་ཚུལ་རེད།

        མིག་སྔར། བོད་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱིས་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བ་མ་ཟད། ད་དུང་དེང་རབས་ཅན་གྱི་གསོ་སྦྱོང་དང་ཐོན་སྐྱེད་བརྒྱུད་རིམ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ལག་ཤེས་བཟོ་རྩལ་ནང་བཅུག་ནས། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་དུས་རབས་ཀྱི་རིན་ཐང་སྤྲད་དེ་བོད་ལྗོངས་ཀྱི་གནའ་བོའི་སྲོལ་རྒྱུན་བཟོ་རྩལ་གྱི་ལག་ཤེས་བཟོ་རྩལ་པར་སྒྱུ་རྩལ་བརྟན་སྲུང་གི་ལས་དོན་ལེགས་པོར་སྒྲུབ་དུ་བཅུག


འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བོད་ཀྱི་ས་གདན་བཟོ་གྲྭའི་ལས་བཟོ་བས་ཁ་གདན་བཟོ་བཞིན་པའི་ཚུལ་རེད།



འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དཀྱིལ་རུ་གྲོང་ཚོའི་བོད་ཀྱི་ས་གདན་བཟོ་གྲྭའི་ལས་དོན་མི་སྣས་བཏགས་པའི་སྣམ་བུ་འགྲེམས་སྟོན་བྱེད་བཞིན་པ། 



འདི་ནི་ལྷ་ས་གྲོང་ཁྱེར་བར་སྐོར་ཐང་ག་འབྲི་བཞེངས་ལྟེ་གནས་ཀྱི་ལྷ་རིས་པ་ཚོས་ཐང་ག་འབྲི་བཞིན་པའི་ཚུལ་རེད།


འདི་ནི་མལ་གྲོ་གུང་དཀར་རྫོང་གི་སྲོལ་རྒྱུན་སྒྱུ་རྩལ་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སིའི་ལས་བཟོ་བས་འཁེལ་འཐག་འཁོར་ཁང་དུ་སྣམ་བུ་འཐག་བཞིན་པའི་ཚུལ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1