《ཁ་བཏགས་དཀར་པོ།》བོད་ཡིག་དུས་དེབ་པར་སྐྲུན་བྱེད་པར་ཆོག་མཆན་ཐོབ།

འཇིགས་མེད་ཀྱིས་བསྒྱུར། རྩོམ་སྒྲིག་པ།འཇིགས་མེད།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-07


ཉེ་ཆར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སི་ཁྲོན་དུས་དེབ་གཏོང་སྦྱོར་ཚོགས་ཁག་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་ལ་《ཁ་བཏགས་དཀར་པོ།》པར་སྐྲུན་བྱེད་པར་ཆོག་མཆན་སྤྲད་ཡོད། 2011ལོའི་ཟླ་བ་12པར་སྤྱི་ཁྱབ་ཅུས་ཀྱིས་སི་ཁྲོན་ཏང་གི་འཛུགས་སྐྲུན་གྱིས་བོད་ཡིག་དུས་དེབ་གསར་སྐྲུན་བྱེད་པར་ཆོག་མཆན་གནང་བས་སི་ཁྲོན་བོད་ཁུལ་དུ་བོད་ཡིག་གི་ཏང་དེབ་མེད་པའི་གནས་བབས་བསྒྱུར་ཡོད། དེས་སི་ཁྲོན་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས་ཡོང་པར་ནུས་པ་ཆེན་པོ་ཐོབ་པ་མ་ཟད། བོད་ཁུལ་གྱི་སྲིད་གཞུང་གི་ལས་ཁུངས་དང་བོད་རིག་པའི་མཁས་པ། དེ་མེན་བོད་ཁུལ་མང་ཚོགས་ཀྱིས་དགས་བསུ་ཆེན་པོ་ཐོབ།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1