ལི་ཁེ་ཆང་གིས་གློག་ཤུགས་སྒྲིག་ཆས་ཕྱིར་འཚོང་བྱེད་པར་སྐུལ་མ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


             

             སྤྱི་ཟླ་1པའི་ཚེས་5ཉིན། ཀྲུང་གོའི་གློག་ཤུགས་སྒྲིག་ཆས་ལ་ཐོན་སྐྱེད་ནུས་ཤུགས་ལྷག་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཀྲུང་གོའི་གློག་ཤུགས་ལག་རྩལ་སྔོན་ཐོན་ཡིན་ལ། གློག་ཤུགས་ལ་བརྟེན་ནས་ཀྲུང་གོའི་སྒྲིག་ཆས་ཕྱི་རྒྱལ་དུ་འཚོང་ཐུབ་པའི་ལམ་བུ་ཞིག་འཚོལ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀོང་ཏུང་ཞིང་ཆེན་གྱི་ཞིང་དཔོན་ཀྲུའུ་ཞོ་ཏེན་གྱི་ཕེབས་རོགས་འོག ཀོང་ཏུང་ཞིང་ཆེན་གློག་ཤུགས་འཆར་འགོད་ཞིབ་འཇུག་གླིང་དུ་གཟིགས་སྐོར་ལ་ཕེབས་པ་མ་ཟད་ཁོང་གིས་ལྟ་ཚུལ་མང་པོ་བཏོན་ཡོད། ཡུལ་དངོས་སུ་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་ངོ་སྤྲོད་བྱས་པ་ལྟར་ན། ལི་ཁེ་ཆང་གིས་ཐོག་མར་ཞིབ་འཇུག་གླིང་འདིས་འཆར་འགོད་བྱས་པའི་ཝེ་ཐེ་ནམ་གྱི་མེ་ཤུགས་གློག་འདོན་བཟོ་གྲྭའི་ལས་གཞི་ཡི་དཔེ་རིས་ལ་གཟིགས་སྐོར་དུ་ཕེབས་ཤིང་། གློག་འདོན་བཟོ་གྲྭ་འདིའི་རིམ་པ་ཁག་གི་མ་རྩ་དང་ཁེ་སྤོགས་ལ་དྲི་བ་བཏོན་གནང་མཛད་ཅིང་། དེ་གའི་ལས་བཟོ་བས་གློག་འདོན་བཟོ་གྲྭའི་ཐོན་སྐྱེད་གནས་ཚུལ་ཁོང་ལ་ངོ་སྤྲོད་བྱས་ཡོད། ལི་ཁེ་ཆང་གིས། ཕྱི་རྒྱལ་ནས་གློག་འདོན་བཟོ་གྲྭ་འཛུགས་སྐྲུན་བྱས་ན་ཤུགས་ཆེན་པོའི་སྒོ་ནས་རྒྱལ་ནང་གི་རྣོ་ལྕགས་ཕྱིར་གཏོང་བྱེད་པར་སྐུལ་ཁྲིད་བྱ་ཐུབ་པར་བསྟན། ཞིབ་འཇུག་གླིང་འདིའི་ཝེ་ཐེ་ནམ་གྱི་ལས་གཞིའི་ཁེ་སྤོགས་ཐད་དུ་ཞིབ་འདྲི་བྱས་རྗེས། ལི་ཁེ་ཆང་གིས་གལ་སྲིད་དེའི་ཐོག་ལ་རྒྱལ་ནང་གི་རྣོ་ལྕགས་ཕྱིར་གཏོང་སོགས་བསྣན་ན། ཁེ་སྤོགས་མཐོན་པོ་རག་རྒྱུ་རེད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1