ཇ་ཡི་སྤུས་ཚད་བཟང་།། དམངས་ལ་ཡོང་འབབ་མང་།།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 04-30



ཝུན་ཁྲོན་རྫོང་ཧྲུའེ་མའོ་གྲོང་རྡལ་གྱི་ཇའི་ཐོན་ལས་འཕེལ་རྒྱས་སྐོར་གྱི་ཟུར་བྲིས།

    གནམ་གཤིས་ཇེ་དྲོ་རུ་སོང་བ་དང་ཆབས་ཅིག ཝུན་ཁྲོན་རྫོང་ཧྲུའེ་མའོ་གྲོང་རྡལ་གྱི་ཇ་ལས་ཞིང་བ་རྣམས་ཀྱིས་དཔྱིད་ཇ་འཐུ་བར་བྲེལ་ཞིང་ཇའི་ཐོན་རྫས་བཟོ་བར་གྲ་སྒྲིག་བྱེད་ཀྱིན་ཡོད།
    ཇ་ཞིང་ནང་གི་ཇ་སྡོང་དག་ལས་ལྗང་མྱུག་འབུས་པས་ཡུལ་དེའི་མི་རྣམས་ཀྱི་རེ་བ་དང་དགའ་བས་ཁེངས། ཧྲུའེ་མའོ་གྲོང་རྡལ་གྱི་ཇ་འདེབས་མཁན་ཚོས་མགོ་ལ་ཉི་ཞྭ་གྱོན་པ་དང་། ཕྲག་ལ་སྨྱུག་སླེལ་ཁུར་ནས་ཇ་ཞིང་ནང་དུ་དཔྱིད་ཇ་འདེབས་ཀྱིན་ཡོད་པས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འདུག
   ཕུའུ་ཀྲེང་ཡིའུ་ཡིས་བྱང་ཆ་ལྡན་པའི་སྒོ་ནས་ཇ་འཐུང་ཞོར་དུ་གསར་འགོད་པར། ང་ཚོ་ཞོགས་པའི་དུས་ཚོད་དྲུག་བདུན་གྱི་སྐབས་སུ་ཞིང་ཁ་རུ་ཇ་འཐུ་བར་འགྲོ་བཞིན་ཡོད། ང་ཚོས་དུས་ཚོད་དམ་འཛིན་བྱས་ཏེ་ཇ་འཐུས་ནས་རིན་གོང་ཡག་པོ་ཞིག་རག་ཐབས་བྱེད་ཀྱིན་ཡོད། ཅེས་བཤད།

    ཉིན་འདི་དག་གི་རིང་ལ། ཞོགས་པའི་ཉི་ཟེར་དང་ལྷན་དུ་ཉིའུ་ཐང་ཀོའུ་གྲོང་སྡེའི་ཇ་འདེབས་མཁན་ཞིང་བ་ཕུའུ་ཀྲེང་ཡིའུ་ཡིས་སྨྱུག་སླེ་འཁྱེར་ནས་ཁང་བའི་འོག་གི་ཇ་ཞིང་ནང་དུ་དཔྱིད་ཀྱི་ཇ་འཐུ་བར་ཡོང་གིན་ཡོད། ཕུའུ་ཀྲེང་ཡིའུ་ཡི་བུ་དང་མནའ་མ་ཕྱི་ཡུལ་དུ་ཞོར་ལས་ལ་སོང་བ་དང་། བཟའ་ཟླས་སློབ་གྲྭར་འགྲོ་བཞིན་པའི་ཚ་བུར་ལྟ་རྟོག་བྱེད་དགོས་པས་ཕུའུ་ཀྲེང་ཡིའུ་ཞོར་ལས་ལ་འགྲོ་མ་ཐུབ། སྟབས་ལེགས་པ་ཞིག་ལ་ལོ་འདི་དག་གི་རིང་ལ་གྲོང་རྡལ་དུ་ཇའི་ཐོན་ལས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། དུས་རྒྱུན་རང་ཁྱིམ་གྱི་ཇ་མུའུ་བཅུ་ལྷག་ལ་ལྟ་རྟོག་བྱེད་པ་ཕུད་ཕུའུ་ཀྲེང་ཡིའུ་ཡིས་ད་དུང་གྲོང་སྡེའི་ནང་གི་ཇ་ལོའི་མཉམ་ལས་ཁང་དུ་གླ་བྱེད་བཞིན་ཡོད། ད་ལོའི་དཔྱིད་ཇའི་སྐྱེ་ཚུལ་ཡག་པོ་ཡོད་ལ་རིན་གོང་ཡང་ལོ་སྔོན་མ་ལས་བཟང་བས་ན་ནིང་ལས་སྒོར་ཉི་ཤུ་ཙམ་འཕར་ཡོད། ཅེས་ཕུའུ་ཀྲེང་ཡིའུ་ཡིས་དགའ་སྤྲོའི་ངང་བཤད།

    ས་སྲོད་དུ། རི་འདབས་སུ་གནས་པའི་ཝུན་ཁྲོན་ནུང་ཧྲེང་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་སྒོ་རའི་ནང་ཇ་འཚོང་མཁན་གྱི་མཉམ་ལས་ཁང་གི་སྡེ་མི་རྣམས་ཀྱིས་ཁེངས། མཉམ་ལས་ཁང་ལ་ཇ་ལོ་འབྱོར་རྗེས་དངུལ་སྨར་ཐོག་ནས་རྩིས་རྒྱག་པའི་བྱེད་སྟངས་ལྟར་ཇ་རིན་ཞིང་བར་སྤྲོད་བཞིན་ཡོད། མཉམ་ལས་ཁང་གི་ཇ་བཟོའི་འཁོར་ཁང་དུ་ཇ་བཟོའི་འཕྲུལ་འཁོར་ཁ་ཤས་གྲལ་བསྒྲིགས་ཡོད་པ་དང་ལས་དོན་མི་སྣས་འཕྲུལ་ཆས་བཀོལ་སྤྱོད་བྱེད་བཞིན་ཡོད། མཉམ་ལས་ཁང་གི་འགན་འཁུར་བ་ཝང་ཧྲི་ཅུན་འཁོར་ཁང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་འཕྲུལ་འཁོར་དང་བཟོ་བ་ཚོའི་བཀོལ་སྤྱོད་བྱེད་སྟངས་ཚད་ལྡན་ཡིན་མིན་ལྟ་བཞིན་འདུག  ལྟས་ཚོད་ཀྱིས་ཇ་བཟོ་སྟངས་སྟབས་བདེ་ནའང་དོན་དངོས་ཐོག་ཧ་ཅང་རྙོག་འཛིང་ཆེ། འོན་ཀྱང་ཇ་བཟོ་བའི་གོ་རིམ་རེ་རེ་བཞིན་ཁོང་དུ་ཆུད་པ་བྱས་ནས་ཇ་སོས་མ་རྒྱ་མ་ལྔ་རེ་ལས་ཇ་རྒྱ་མ་གང་རེ་ལས་བཟོ་ཐུབ་ཀྱིན་མེད། ཇ་བཟོ་སྐབས་ད་དུང་ཇ་མདོག་ཏུ་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་ཟམ་མི་ཆད་པར་བྱས་ནས་ཇ་ལོའི་སྤུས་ཚད་འགན་ལེན་བྱེད་དགོས། ཞེས་བཤད།
    ཤེས་རྟོགས་བྱུང་བ་ལྟར་ན། ཝུན་ཁྲོན་ནུང་ཧྲེང་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ནང་གི་ལས་མི་ཚང་མ་མཉམ་ལས་ཁང་གི་སྡེ་མི་ཡིན་ལ། ཁོ་ཚོས་ཉིན་དཀར་རང་ཉིད་ཀྱི་ཇ་ཞིང་ནང་དུ་ཇ་བཏོག་པ་དང་། ཕྱི་དྲོར་མཉམ་ལས་ཁང་དུ་ཇ་བཙོངས། ཇ་བཙོངས་ཚར་རྗེས་མཉམ་ལས་ཁང་དུ་ཞོར་ལས་བྱས། ལས་ཀའི་དུས་ཚོད་མི་འདྲ་བའི་ཉིན་རེར་ཡོང་འབབ་སྒོར་150ནས་200བར་ཡོད།
    ཧྲུའེ་མའོ་གྲོང་རྡལ་གྱིས་ཇ་མུའུ་3000ལྷག་བཏབ་ཡོད་ཅིང་། དེ་ནི་ཝུན་ཁྲོན་རྫོང་གི་ཇ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། ས་གནས་ཀྱི་མི་1300ལྷག་གིས་ཇ་བཏབ་ནས་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོར་བྱས་ཡོད། རྗེས་ཕྱོགས་ཧྲུའེ་མའོ་གྲོང་རྡལ་གྱིས་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱས་ནས་ཇའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཁྲོམ་ར་སྔར


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1