དམངས་ལ་ཕན་པ་སྒྲུབ་པའི་བརྩེ་སེམས་བཅངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-06



སེར་ཤུལ་རྫོང་ཁྱེའུ་ཡུལ་ཤོག་ཇོ་བོ་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཡེ་ཤེས་མགོན་པོའི་གནས་ཚུལ་རགས་བཀོད།

དམངས་ལ་ཕན་པ་སྒྲུབ་པའི་བརྩེ་སེམས་བཅངས།

2019ལོའི་སྤྱི་ཟླ5པར་ཁུལ་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་མི་ཡེ་ཤེས་མགོན་པོས་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ན་གཞོན་ལས་བྱེད་པ་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ལ་གཏང་རྒྱུའི་གནས་ཚུལ་ཤེས་རྗེས།ཁོ་ནང་མིའི་བསམ་ཚུལ་ཅི་འདྲ་ཡིན་པར་མ་དྲིས་ནས་ལས་ཁུངས་ཀྱི་མགོ་ཁྲིད་ལ་མ་སྐུལ་དང་བླངས་ཀྱིས་མཚོ་འཕགས་སྨི4000ཡོད་པའི་སེར་ཤུལ་རྫོང་ཁྱེའུ་ཡུལ་ཤོག་ཇོ་བོ་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་དུ་འགྲོ་རྒྱུའི་རེ་འདུན་ཞུས་པས་ལོ་དེའི་སྤྱི་ཟླ6པར་རེ་འདུན་དེ་གྲུབ་པ་རེད།

གྲོང་སྡེའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་ཡོང་འབབ་འཕར་བར་སྐུལ་འདེད་བཏང་།

ཇོ་བོ་གྲོང་སྡེའི་མཚོ་འཕགས་སྨི4000ལ་ཟིན་ཀྱིན་ཡོད་པས་དེ་གར་སླེབས་མ་ཐག་པའི་ཡེ་ཤེས་མགོན་པོར་མཚོན་ན་ལ་དུག་ཕོག་པ་ནི་འདི་གར་ཕེབས་ཐེངས་དང་པོ་ཡིན་པའི་ལས་བྱེད་པ་གཞན་དག་དང་འདྲ་བར་དཀའ་ཚེགས་ཆེ་ཤོས་སུ་གྱུར་ཡོད། ནང་མི་དང་གྲོགས་པོ་ཚོས་ཁོའི་དོན་དུ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་མོད།འོན་ཀྱང་ཨུ་ཚུགས་ཆེ་བའི་ཡེ་ཤེས་མགོན་པོས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་གྱི་ལས་ཡུལ་དང་པོར་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད།

གྲོང་སྡེར་སླེབས་མ་ཐག ཡེ་ཤེས་མགོན་པོའི་མདུན་དུ་གནས་པའི་གནད་དོན་ནི་ཇི་ལྟར་བྱས་ནས་གྲོང་མིའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ཡིན་ཞིང་། ཁོས་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ་གྱི་གྲལ་བཤེར་ཆེན་པོར་ཕྱིར་མིག་ལྟ་བའི་ལས་དོན་ཡག་པོ་བསྒྲུབ་ཆེད།རང་ཉིད་ཀྱི་གཉེན་སྟོན་དོན་ཆེན་ཡང་གནས་སྐབས་ནར་འགྱངས་བྱས་ཡོད་པ་རེད། གྲོང་སྡེར་བཅའ་སྡོད་བྱེད་རིང་།ཡེ་ཤེས་མགོན་པོས་གྲོང་སྡེའི་ཨུ་ལྷན་གཉིས་དང་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་གི་གཞོགས་འདེགས་འོག་སེར་ཤུལ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་འབྲེལ་ཡོད་བླང་བྱ་དང་ཚད་གཞི་གཞིར་བཟུང་ནས་།སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ་གྱི་གནས་ཚུལ་གྲལ་བཤེར་ཆེན་པོར་ཕྱིར་མི་ལྟ་བའི་ལས་ཀའི་གོ་སྐབས་བཀོལ་སྤྱོད་བྱས་ནས་ཉིན་ལྟར་ཞོགས་པ་སྔ་པོ་ནས་དུད་ཚང་སོ་སོར་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་དུད་ཚང་རེ་རེའི་གཞི་རྩའི་གནས་ཚུལ་དང་དཀའ་ངལ་གྱི་རེ་འདུན་ཐོ་འགོད་ཞིབ་ཚགས་བྱས་ནས་དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར་འགན་ལེན་བྱས།

གྲོང་སྡེའི་གནས་ཚུལ་རྒྱུས་ལོན་བྱས་རྗེས། ཁོས་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད།ལས་དོན་སྤེལ་སྟངས་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ།ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་གསར་གཏོད་དང་ནང་འདྲེན་བྱས་པའི་དུད་ཚང་དབུལ་པོའི་རྩ་གཉིས་ཨང་རྟགས་ཀྱི་ཆ་འཕྲིན་ལས་སྟེགས་ལ་ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཚད་མཐོའི་ཁས་ལེན་ཐོབ་པར་མ་ཟད་རྫོང་ཡོངས་སུ་ཁྱབ་གདལ་བཏང་ཡོད།

དབུལ་ཐར་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་ཐོབ་པར་འགན་འཁྲི་ལྕི་བ་དང་དུས་ཚོད་ཐུང་བས་ཇི་ལྟར་བྱས་ཏེ་གྲོང་མིར་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ཡེ་ཤེས་མགོན་པོའི་མདུན་དུ་འཕྲད་པའི་གནད་དོན་གཞན་ཞིག་ཡིན་ཞིང་། བཅར་འདྲི་བྱེད་རིང་ཁོས་འབྲོག་པའི་བསམ་འཆར་དང་གྲོས་མགོ་ལ་ཉན་འཇོག་ནན་ཏན་བྱས་པ་དང་།གྲོང་སྡེའི་འབྲི་གཡག་གསོ་ཚགས་ཐོན་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་གསལ་བཟོ་དང་། ཡུལ་བབ་དང་བསྟུན་པའི་ས་བབ་མཐོ་ལ་སྤུས་ལེགས་ཕྱུགས་རྩྭ་འདེབས་འཛུགས་ཐོན་ལས་འཚོལ་ཞིབ་བྱས་ནས་མཉམ་ལས་ཁང་སྔར་བས་སྟོབས་ཆེར་བཏང་སྟེ་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར2000བགོས་པས་མ་ཚད་གྲོང་མིའི་ཡོང་འབབ་བརྟན་འཕར་ཡོང་བ་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད།

ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་བརྟན་དུ་བཏང་།

ཧྲུའུ་ཅི་དང་པོ་ཡིན་པའི་ཡེ་ཤེས་མགོན་པོས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་ཐར་ལ་སྣེ་ཁྲིད་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཡོད། གྲོང་སྡེ་ཡོངས་ཀྱི་ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་སྔར་བས་ཡག་པོ་བྱེད་པ་དང་།ཏང་ཀྲི་པུའུ་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཏང་ཀྲི་པུའུ་དང་འབྲོག་པའི་ཏང་ཡོན་གྱི་དཔེ་བཟང་ནུས་པ་འདོན་སྤེལ་བཅས་བྱ་ཆེད།ཁོས་ཇོ་བོ་གྲོང་སྡེའི་དོན་དངོས་དང་འཚམ་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་བྱ་ཐབས་གསར་པ་དང་བསམ་ཕྱོགས་གསར་པ་ཕྱོགས་སྡོམ་བྱས་ཡོད་པ་རེད།

གྲོང་སྡེར་སླེབས་རྗེས་ཡེ་ཤེས་མགོན་པོས་རྒྱ་བོད་སྐད་གཉིས་ཀྱི་ལེགས་ཆ་སྤྱད་དེ་གྲོང་སྡེ་དང་ཚོ་ཆུང་གི་ལས་བྱེད་པའི་ཚོགས་འདུ་དང་།ཏང་ཡོན་ཚོགས་ཆེན།མང་ཚོགས་ཚོགས་ཆེན་བཅས་སྒྲིག་འཛུགས་བྱས་ནས་ཏང་གི་དབུལ་ཐར་འགག་སྒྲོལ་དང་དེ་བཞིན་འབྲེལ་ཡོད་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས། ཇོ་བོ་གྲོང་སྡེའི་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པས་འབྲོག་པའི་མཚན་མོའི་སློབ་གྲྭའི་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་ཆེད།ཁོས་འབྲོག་པའི་མཚན་མོའི་སློབ་གྲྭའི་སྲོལ་རྒྱུན་གྱི་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་དང་ལེགས་སུ་བཏང་ནས་འབྲོག་པའི་མཚན་མོའི་སློབ་གྲྭ་དང་དྲ་སྦྲེལ་ཟུང་འབྲེལ་གྱི་སྐད་འཕྲིན་དྲ་བའི་སློབ་ཚན་ཁྱད་ཆོས་ལྡན་པའི་ངང་གཉེར་བ་དང་། གྲོང་སྡེ་ཡོངས་ཀྱི་སྐད་འཕྲིན་ཚོགས་པར་བརྟེན་ནས་གཟའ་འཁོར་རེར་དུས་བཀག་ལྟར་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 2019ལོའི་སྤྱི་ཟླ8པར་འབྲོག་པའི་མཚན་མོའི་སློབ་གྲྭ་དང་དྲ་སྦྲེལ་ཟུང་དུ་འབྲེལ་བའི་སྐད་འཕྲིན་སློབ་ཚན་ཁྱོན་བསྡོམས་ཐེངས100ལྷག་ཙམ་འཚོགས་པ་དང་འབྲོག་པ་མིའི་ཐེངས་གྲངས་ཁྲི1ལྷག་ཙམ་ལ་ཁྱབ་པ།རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་གཞུང་ཕྱོགས་ཆ་འཕྲིན1000ལྷག་ཙམ་བརྒྱུད་བསྐུར་བྱས་པ།འབྲོག་པའི་མཚན་མོའི་སློབ་གྲྭ་དང་དྲ་སྦྲེལ་ཟུང་དུ་འབྲེལ་བར་རིམ་ཁག་མགོ་ཁྲིད་ཀྱི་གདེང་འཇོག་མཐོན་པོ་བྱས་པར་མ་ཟད་རྫོང་ཡོངས་སུ་ཁྱབ་གདལ་ཡང་བཏང་ཡོད།

ཡེ་ཤེས་མགོན་པོས་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་།ལས་ཀའི་འཇོན་ཐང་ཆེ་བ།མང་ཚོགས་ཀྱི་འདུ་ཤེས་ཟབ་པ་བཅས་ཀྱི་ན་གཞོན་འབྲོག་པའི་ཏང་ཡོན་འཕེལ་རྒྱས་ཀྱི་འབྲེལ་ཡོད་བླང་བྱ་ལྟར་དུས་ཐོག་ཏུ་ཧུར་བརྩོན་ཅན་དང་གྲ་སྒྲིག་ཏང་ཡོན་འཕེལ་རྒྱས་དང་བསྡུ་ལེན་བྱས་ནས་གྲོང་སྡེའི་ཏང་ཀྲི་པུའུ་དང་རྗེས་གྲབས་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཐུས་ཚང་དུ་བཏང་ནས་ཏང་ཡོན་འཕེལ་རྒྱས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད་ཅིང་། ད་སྔའི་བར་ཇོ་བོ་གྲོང་སྡེར་ཏང་ཡོན16དང་།གྲ་སྒྲིག་ཏང་ཡོན1 ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན3བཅས་ཡོད། རྒྱུན་རྣམ་དུ་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་གི་བྱེད་སྒོ་ཡག་པོ་སྤེལ་བ་དང་འབྲེལ་ཡུལ་ཤོག་དང་གྲོང་སྡེ་ཉམས་ཞན་བཅོས་སྐྱོང་བྱས་ཏེ་ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་བཀག་ནང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་ཏང་ཡོན་གྱི་འོས་འགན་ཉིན་མོའི་བྱེད་སྒོ་སྤེལ་ཏེ་གྲོང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་།གོང་བུ་འགྲིལ་ཤུགས།དམག་འཐབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག་ཏུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཡོན་དབུལ་པོར་སྣེ་ཁྲིད་ནས་འབྲོག་ཁུལ་གྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་བྱས་ཏེ་དབུལ་སྐྱོར་གནད་སྨིན་གྱི་ཏང་ཡོན་དཔེ་སྟོན་འདུ་འགོད་ལ་བརྟེན་ནས་མཉམ་ལས་ཁང་ལ་མ་དངུལ་བཞག་པ་དང་།འབྲོག་ལས་གསོ་ཚགས་དང་རྩྭ་ཐང་འདེབས་འཛུགས་ཐོན་ལས་ལ་མ་དངུལ་གཏོང་འཇོག་བྱས་ནས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པ་རེད།

དམངས་ལ་བརྩེ་སེམས་བཅངས་ནས་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་དུ་བཏང་།

ལོ་གཅིག་དང་ཕྱེད་ཀའི་གྲོང་སྡེའི་བཅའ་སྡོད་ལས་དོན་ཁྲོད་ཡེ་ཤེས་མགོན་པོས་གཟའ་མཇུག་དང་དུས་ཆེན། ངལ་གསོའི་ཉིན་མོ་སོགས་ལ་ངལ་གསོ་གཏན་ནས་བྱས་མྱོང་མེད།ལག་ཏུ་ལས་ཀ་ཚར་རྗེས་ཁོམ་པ་ཡོད་དུས་ཁྱེའུ་ཡུལ་ཤོག་སྲིད་གཞུང་དང་ཇོ་བོ་གྲོང་སྡེའི་བར། ཡང་ན་ཇོ་བོ་ཡུལ་མིའི་ཁྱིམ་གྱི་སྒོ་རའམ་གྲོང་སྡེའི་ཞབས་ཞུ་ལྟེ་གནས་སུ་ལས་ལ་བྲེལ་བཞིན་ཡོད།

གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཡེ་ཤེས་མགོན་པོས་གྲོང་སྡེའི་བཅའ་སྡོད་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་བྱ་བ་ཐམས་ཅད་ལ་སྣེ་ཁྲིད་དང་བྱ་བ་ཐམས་ཅད་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་ཤིང་།བཅའ་སྡོད་བྱ་ཡུལ་གྱི་གྲོང་སྡེ་དེ་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་པ་དང་དུད་ཚང་དབུལ་པོ་རང་ཉིད་ཀྱི་གཉེན་ཉེ་ལྟ་བུར་བརྩིས་ནས་ལས་ཀའི་ཁྲོད་གྲོང་སྡེའི་ལས་བྱེད་པ་དང་སྤེལ་རེས་རྒྱ་ཁྱབ་བྱས་པར་མ་ཟད།མང་ཚོགས་ཀྱི་རེ་འབོད་ལ་ཉན་འཇོག་ནན་ཏན་བྱས་ཤིང་།མང་ཚོགས་ཀྱི་དཀའ་ངལ་ཆེ་བའི་རེ་འདུན་ཐག་གཅོད་ཧུར་ཐག་བཅས་བྱས། དེ་མིན་ལས་ཀའི་ཞོར་དུ་ཁ་གཏད་རོགས་སྐྱོར་ཚན་པ་དང་སྤྱི་ཚོགས་ཐོག་གི་གཅེས་སེམས་མི་སྣའི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཡོད།

གྲོང་སྡེར་བཅའ་སྡོད་བྱེད་རིང་ཁོས་འབྲེལ་གཏུག་ཧུར་ཐག་དང་སེམས་ཁུར་ཆེན་པོས་ཇོ་བོ་སློབ་ཆུང་གི་སློབ་མ་ཚོར་དགུན་དུས་ཀྱི་གྱོན་ཆས་ཆ300ལྷག་དང་།ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོར་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིང་བལ་ཉལ་ཆས་དང་གྱོན་ཆས2000ལྷག་ཙམ་རག་ཐབས་བྱས།

ཧྲུའུ་ཅི་དང་པོའི་ལས་གནས་ཐོག་ཡེ་ཤེས་མགོན་པོས་མཐའ་དག་མང་ཚོགས་ལ་བརྟེན་པ་དང་མཐའ་དག་མང་ཚོགས་ཀྱི་ཆེད་དུ་བྱེད་པའི་འདུ་ཤེས་ལག་ལེན་ནན་ཏན་བསྟར་ཏེ་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་ལ་རོགས་རམ་དང་ཐག་གཅོད་ཏན་ཏིག་བྱས་ནས་རྩ་འཛུགས་ཀྱིས་སྤྲད་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་པ་དང་། དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་རང་འགན་གཙང་སྒྲུབ་དང་གདོང་ལེན་བྱེད་ཕོད་པ་བྱས་པར་བརྟེན་འབྲོག་པ་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་གདེང་འཇོག་ཡག་པོ་དང་ཁས་ལེན་གང་ལེགས་བྱས་དང་བྱེད་བཞིན་ཡོད།

ཡེ་ཤེས་མགོན་པོས་ཐོག་མཐའ་བར་གསུམ་དུ་ཏང་གི་དམིགས་ཡུལ་ལག་ལེན་བསྟར་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཞིག་ལ་ལྡན་དགོས་པའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་པ་དང་།མཚོ་འཕགས་སྨི4000ལ་ཟིན་པའི་རྫ་ཆུ་ཁ་རྩྭ་ཐང་དུ་བརྩེ་སེམས་ཟབ་མོས་དབུལ་ཐར་འགག་སྒྲོལ་གྱི་ལམ་བུའི་ཐོག་གི་མི་སེམས་འགུལ་བའི་ཕུགས་འདུན་དོན་གཉེར་གྱི་གཏམ་རྒྱུད་མང་པོ་བྲིས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1