སློབ་གསོ་མཚོ་སྐྱོར་ལོ་བཅུའི་ནང་རྣམ་གྲངས་ཁག་260ལྷག་ཙམ་དོན་འཁྱོལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-07



མཚོ་སྔོན་མི་རིགས་སློབ་ཆེན་དགེ་འོས་སློབ་གླིང་དུ་སློབ་མས་མཉམ་འགུལ་བརྙན་ཤེལ་ཐོག་ནས་སློབ་ཚན་ནང་དོན་སྤེལ་རེས་བྱེད་བཞིན་ཡོད།
     ཟླ་4ཚེས་27ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་མཚོ་སྐྱོར་ལོ་བཅུ་འཁོར་བའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2010ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁ་གཏད་མཚོ་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཚུན། པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཚོ་སྔོན་གྱི་ཀྲོའུ་དྲུག་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་མཚོ་སྔོན་གྱི་སློབ་གསོའི་རོགས་སྐྱོར་རྣམ་གྲངས་ཁག་260ལྷག་ཙམ་དོན་འཁྱོལ་བྱས་པ་དང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་12.7ཟིན་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དར་དམར་སློབ་ཆུང་དུ་སློབ་མས་ཡིག་གཟུགས་སྦྱོང་བཞིན་ཡོད་ཅིང་། ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་ཁྲིད་ཀྱི་ལྷན་སྦྱར་ཐོན་ཁུངས་རིམ་སྤོར་ཐད་སློབ་གསོ་མཚོ་སྐྱོར་རྣམ་གྲངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1