དཀར་མཛེས་ནས་གློག་ཤུགས་མཁའ་ལམ་འཛུགས་སྐྲུན་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 01-07


              2015ལོའི་སྤྱི་ལོའི་ལོ་སར་སྐབས། གསེར་རྟ་སྙན་ལུང་ཡུལ་ཤོག་གི་ཨ་ཁུ་བྱང་ཆུབ་ཀྱིས། རི་ལུང་དུ་ཀྲོང་ངེར་བཙུགས་པའི་གློག་དྲའི་ལྕགས་གདོང་དག་ལ་བལྟ་བཞིན། ཁོང་གི་སེམས་སུ་ད་ལོར་ཉེན་མེད་བརྟན་འཇགས་ཀྱི་གློག་ཤུགས་སྤྱོད་ཐུབ་རྒྱུ་རེད། གྲོང་སྡེའི་ནང་གི་མི་རྣམས་ཀྱི་སྣེ་ཁྲིད་ནས་དེང་རབས་ཅན་གྱི་སྒྲིག་ཆས་མཉམ་དུ་བེད་སྤྱོད་བྱ་དགོས་བསམ་བཞིན་ཡོད། སྤྱི་ལེ་བརྒྱ་ཕྲག་གི་ཕ་རོལ་དུ་གློག་ཤུགས་མེད་པའི་ཁུལ་ཞེས་སུ་གྲགས་པའི་དཀར་མཛེས་རྫོང་གི་ཟླ་ཐང་མ་ས་ཆའི་བགྲེས་པོ་འཇིགས་མེད་ཀྱིས་ཀྱང་། གློག་ཡོད་པས་བདེ་སྐྱིད་ཀྱི་འཚོ་བ་རོལ་འགོ་རྩོམ་རྒྱུ་རེད་ལ། ཁོང་ཚང་གི་ཁང་བའི་གྲུ་ཟུར་དུ་བེད་མེད་ངང་བཞག་ཡོད་པའི་འཁྱགས་སྒམ་དེ་ཡང་གཞི་ནས་བེད་སྤྱོད་ཆོག་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1