༄༅།། ཁྱེད་ཀྱིས་གཟུགས་པོ་བཀྲུ་སྟངས་འགྲིག་འདུག་གམ། གཟིགས་དང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ད་ལྗོངས་ཉིན་ཚགས། སྤེལ་དུས། 05-10



       1.ལུས་སྦྱོང་བྱས་རྗེས་ལམ་སེང་གཟུགས་པོ་བཀྲུ་མི་རུང་། 
       མི་མི་ཉུང་བ་ཞིག་གིས་ལུས་སྦྱོང་བྱས་ཚར་རྗེས་ལམ་སེང་གཟུགས་པོ་བཀྲུ་ཡི་ཡོད། དོན་དུ་ལུས་སྦྱོང་ཚར་རྗེས་ཆུ་ཚ་པོས་གཟུགས་པོ་བཀྲུ་བའམ་རླངས་འཁྲུད་བརྒྱབ་ན། ཤ་གནད་དང་པགས་པའི་ནང་དུ་ཁྲག་རྒྱུག་འགྲོ་ཡི་ཡོད་པས། དབང་པོ་གཞན་ལ་ཁྲག་མི་འདང་བའི་སྣང་ཚུལ་ཐོན་སྲིད། ད་དུང་ལུས་སྦྱོང་བྱས་ཚར་རྗེས། དབུགས་འཚང་བས་མཁའ་རླུང་རྒྱུག་བདེ་པོ་མེད་པའི་འཁྲུད་ཁང་དུ་གཟུགས་པོ་བཀྲུས་ཚེ་གསོ་རླུང་མི་འདང་བར་མགོ་ཡུ་འཁོར་བ་དང་། གཟུགས་པོ་ཡོངས་ལ་ཤུགས་མེད་པ། ཐ་ན། ཟུངས་ཤོར་བ་དང་དྲན་པ་ཐོར་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། དེས་ན་ལུས་སྦྱོང་བྱས་ཚར་རྗེས་ཡག་ཤོས་བྱུང་ན་སྐར་མ་30ནས་45ཙམ་སོང་རྗེས་གཟུགས་པོ་བཀྲུས་ན་ལེགས།  

       2.ཁ་ལག་བཟས་མ་ཐག་གམ་གྲོད་ཁོག་སྟོང་པར་གཟུགས་པོ་བཀྲུ་མི་ཉན། 
       ཁ་ལག་བཟས་མ་ཐག་ལམ་སེང་གཟུགས་པོ་བཀྲུས་ཚེ། འཇུ་ལམ་གྱི་ཁྲག་འཁོར་རྒྱུག་ཡག་པོ་མི་ཐུབ་པས། ཟས་འཇུ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཡང་གྲོད་པ་སྟོང་པར་གཟུགས་པོ་བཀྲུས་ཚེ། ཁྲག་མངར་དང་ཀླད་པའི་ཁྲག་མི་འདང་བའི་དབང་གིས་དྲན་པ་ཐོར་ཉེན་ཡོད། དེར་བརྟེན་ཁ་ལག་བཟས་ནས་ཆུ་ཚོད་གཅིག་སོང་རྗེས་གཟུགས་པོ་བཀྲུས་ན་ལེགས།

       3.གཟུགས་པོ་བཀྲུ་ཡུན་རིང་དྲགས་མི་རུང་། 
       གཟུགས་པོ་བཀྲུ་ཡུན་རིང་དྲགས་ན་དཀའ་ལས་ཁ་སླ་ཞིང་། ཀླད་པའི་ཁྲག་དང་། སྙིང་ཁྲག གསོ་རླུང་བཅས་མི་འདང་བའི་སྣང་ཚུལ་ཐོན་སྲིད་པ་དང་། ཚབས་ཆེ་སྐབས་སྙིང་ཁ་འཕར་སྟངས་རྒྱུན་གཏན་དང་མི་འདྲ་བ་བྱུང་ནས། གློ་བུར་དུ་དབུགས་ཆད་ཉེན་ཡོད། དེར་བརྟེན་ཆུར་སྦངས་ན་སྐར་མ་20དང་ལངས་ནས་བཀྲུས་ཚེ་སྐར་མ་7ལྷག་ཙམ་ལས་སྡོད་རྒྱུ་མེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1