ཞི་ཅིན་ཕིང་གིས《རིག་གནས་ལོ་རྒྱུས་མཚན་ཉིད》རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་ཡོངས་ལ་འཕྲིན་ལན་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཞིན་ཧྭ་དྲ་བ། སྤེལ་དུས། 05-11


        ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ5པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《རིག་གནས་ལོ་རྒྱུས་མཚན་ཉིད》རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དུས་དེབ་ཡག་པོར་གཉེར་བའི་རེ་བ་ནན་མོ་བཏོན། 
        ཞི་ཅིན་ཕིང་གི་འཕྲིན་ལན་ནང་བསྟན་དོན། 《རིག་གནས་ལོ་རྒྱུས་མཚན་ཉིད》བཏོན་ནས་ལོ70ཡི་རིང་། ཏང་གི་མགོ་ཁྲིད་འོག་རྩོམ་སྒྲིག་པ་མི་རབས་འགས་ཡང་དག་གསར་གཏོད་དང་གཅིག་རྒྱུད་གཅིག་འཛིན་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་དར་སྤེལ་དང་རིག་གཞུང་ཞིབ་འཇུག་དར་རྒྱས་སོགས་ཀྱི་ཐད་ལ་ལས་དོན་འབོར་ཆེན་བསྒྲུབས་པར་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ངེས་ཅན་ཐོབ་ཡོད་པས། ཁྱེད་ཚོས་འབད་བརྩོན་ལ་ཁས་ལེན་བྱེད་འོས་པ་ཞིག་ཡིན། 
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་བའི་སྙིང་རུས་དང་གདིང་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་ཡོངས་ལ་ཀྲུང་གོར་ངོས་འཛིན་དང་ཤེས་རྟོགས་སྔར་བས་ལེགས་པ་ཡོང་བར། ཀྲུང་ཧྭའི་དཔལ་ཡོན་ལ་གོ་བ་གཏིང་ཟབ་ལེན་དགོས་ལ། ལོ་རྒྱུས་དང་དོན་དངོས། རིག་གཞུང་དང་ལག་ལེན་ཟུང་འབྲེལ་བྱས་ནས་ཇི་ལྟར་ཀྲུང་གོའི་བགྲོད་ལམ་མཐའ་འཁྱོངས་དང་ཀྲུང་གོའི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་ལུགས་རྒྱས་བཤད་གཏིང་ཟབ་བྱེད་དགོས། ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་ལན་ཡག་པོ་འདེབས་པར་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་བྱེད་པས་ཐུན་མོང་ཐོག་འབད་བརྩོན་བྱ་དགོས་ལ། དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་སྒོས་གཞན་སྒྱུར་དང་གསར་གཏོད་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་རིག་གཞུང་དུས་དེབ་ཀྱིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་གསར་གཏོད་ལ་སྣེ་ཁྲིད་བྱས་ཏེ་ཆུ་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་འགྲེམས་སྟོན་དང་། ཕུལ་བྱུང་རིག་གཞུང་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བར་རྒྱབ་སྐྱོར། ཀྲུང་ཕྱིའི་རིག་གཞུང་འབྲེལ་འདྲིས་ལ་སྐུལ་འདེད་བཅས་བྱེད་དགོས། ཁྱེད་ཚོས་ཡང་འབད་བསྐྱར་འབད་བྱས་ནས་དུས་དེབ་སྔར་བས་ལེགས་པར་གཉེར་བའི་རེ་བ་བྱེད་ཀྱིན་ཡོད། 
        ཧྲན་ཏུང་སློབ་ཆེན་གྱི《རིག་གནས་ལོ་རྒྱུས་མཚན་ཉིད》ཞེས་པའི་དུས་དེབ་དེ1951ལོའི་ཟླ5པར་བཙུགས་པ་དང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གསར་དུ་བཏོན་པའི་མཐོ་སློབ་ཀྱི་རྩོམ་རིག་ཚན་རིག་ཚགས་པར་ཐོག་མ་ཡིན་ལ། རང་རྒྱལ་གྱི་མིག་སྔའི་དུས་དེབ་ཁྲོད་འདོན་ཡུན་རིང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་ཚོགས་རིག་གནས་དང་སྤྱི་ཚོགས་ཚན་རིག་གི་རིག་གཞུང་དུས་དེབ་ཀྱང་ཡིན། ཉེ་ཆར། 《རིག་གནས་ལོ་རྒྱུས་མཚན་ཉིད》རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལོ70རིང་གི་དུས་དེབ་གཉེར་བའི་གྲུབ་འབྲས་སྙན་སེང་ཞུས་ཏེ། དུས་རབས་ཀྱི་ལས་འགན་འཁུར་བ་དང་དུས་དེབ་ཀྱི་ནུས་པ་འདོན་པ། མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་ཀྱི་ཆོད་སེམས་མཚོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1