མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུ་ཧན་གྱི་འཇིགས་སྐུལ་འཇབ་རྒོལ་ཐད་ཀྲུའུ་ཞིའི་གསར་འགྱུར་གཏམ་བཤད་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-12


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་རྒྱུན་སྡོད་འཐུས་མི་ཀྲང་ཅུན་གྱིས་ཚེས་བཅུ་ཉིན་ཀྲུའུ་ཞིའི་གསར་འགྱུར་གཏམ་བཤད་སྤེལ་ནས་ཟླ5བའི་ཚེས8ཉིན་ཨ་ཧྥུ་ཧན་གྱི་རྒྱལ་ས་ཁ་པོར་དུ་འཇགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།
        བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཨ་ཧྥུ་ཧན་གྱི་མངའ་ཁོངས་སུ་བསྟུད་མར་དྲག་ཤུགས་ཀྱི་དོན་རྐྱེན་བྱུང་ནས་མི་མང་པོར་ཤི་རྨས་ཐེབས་པར་དོ་ཁུར་བླ་ལྷག་བྱེད་བཞིན་ཡོད་ལ། ལྷག་པར་དུ་ཉེ་བའི་ཟླ་འགའི་རིང་སློབ་གྲྭ་དང་སློབ་གསོའི་ལས་ཁུངས་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་གྱིས་སློབ་མའི་བདེ་འཇགས་ལ་ཤུགས་རྐྱེན་ཚབ་ཆེན་བཟོས་པས། དྲག་ཤུགས་བཀག་འགོག་བྱེད་པར་འབད་པ་བྱས་ནས་མང་ཚོགས་ལ་སྲུང་སྐྱོབ་བྱེད་དགོས་པར་ནན་གྱིས་བསྟན།
        བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་མ་ལག་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་བཞིན་པ་བསྐྱར་བསྒྲགས་བྱས་པ་དང་། འཇིགས་སྐུལ་དོན་རྐྱེན་སློང་མཁན་དང་རྩ་འཛུགས་བྱེད་མཁན། རོགས་སྐྱོར་བྱེད་མཁན་རྣམས་ཁྲིམས་ལ་སྦྱོར་དགོས་པ་ནན་གྱིས་བསྟན་པ་མ་ཟད། རྒྱལ་ཁབ་ཡོངས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་འོས་འགན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་བརྩི་སྲུང་བྱེད་དགོས་པ་དང་། དེའི་ཐད་ནས་ཨ་ཧྥུ་ཧན་སྲིད་གཞུང་དང་མཉམ་འབྲེལ་བྱེད་དགོས་པའི་འབོད་སྐུལ་བཏང་།
        ཟླ་ལྔ་པའི་ཚེས་བརྒྱད་ཉིན། ཨ་ཧྥུ་ཧན་གྱི་རྒྱལ་ས་ཁ་པོར་གྱི་སློབ་གྲྭ་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག་པ་དང་དེའི་ཁྲོད་མང་ཆེ་ཤས་སྐྱེས་མའི་སློབ་མ་རེད།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐུ་ལེ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་པོ་ཙི་ཁུར་གྱིས་གསལ་བསྒྲགས་སྤེལ་ནས་འཇགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་་རྒོལ་གཏམ་དྲག་པོ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1