གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༡ཚེས་༠༨ཉིན།

ཧིན་ཉིས་འཚོལ་བཤེར་མཁན་ཚོས་རྒྱ་མཚོའི་ཞབས་ནས་ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་ཡི་མཇུག་མ་རྙེད་ཡོད།

མཚོ་ཞབས་ནས་རྙེད་པའི་གནམ་གྲུའི་ཆག་རོ།

               སྤྱི་ཟླ་1པའི་ཚེས་7ཉིན། ཧིན་དྷི་ནེ་ཞི་ཡ་རྒྱལ་ཁབ་ཀྱི་འཚོལ་བཤེར་སྤྱི་ཁྱབ་པུའུ་ཡི་འགོ་གཙོ་བྷན་པེང་གིས། འཚོལ་བཤེར་ལག་ལེན་གྱི་འགོ་བརྩམས་ནས་ཉིན་11འགོར་བའི་དེ་རིང་། འཚོལ་བཤེར་རུ་ཁག་གིས་ཀྲའོ་ཝ་མཚོ་ཡི་མཚོ་ཞབས་ནས་ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་འཕུར་རེས་ QZ8501ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་མཇུག་མ་རྙེད་ཡོད་པ་རེད། 


མཚོ་ཞབས་ནས་རྙེད་པའི་གནམ་གྲུའི་ཆག་རོ།

             འགོ་གཙོ་བྷན་པེང་གིས། ང་ཚོས་འགྲུལ་སྐྱེལ་གནམ་གྲུའི་ཆ་ཤས་གཅིག་རྙེད་ཡོད་ལ། འདི་ནི་ང་ཚོའི་ལས་འགན་ཡིན། གནམ་གྲུའི་མཇུག་མ་དངོས་སུ་རྙེད་པ་ར་སྤྲོད་བྱུང་སོང་ཞེས་བཤད།

             ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྟན་དོན། ཐེངས་འདིའི་གནམ་གྲུའི་མཇུག་མ་རྙེད་པ་ནི་གནམ་གྲུ་འཚོལ་བཤེར་གྱི་ལས་ཀའི་བརྒྱུད་རིམ་ཁྲོད་དུ་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་བླངས་པར་ངོས་འཛིན་བྱ་ཆོག་ཀྱང་། ནམ་རྒྱུན་གནམ་གྲུ་འཕུར་བསྐྱོད་ཀྱི་གཞི་གྲངས་ཟིན་ཐོ་འགོད་སའི་སྒམ་ཆུང་ནག་པོ་ཞེས་པ་དེ། གནམ་གྲུའི་མཇུག་སྣེ་རུ་འཇོག་པ་ནི་གནམ་གྲུ་ས་ལ་ལྷུང་ནས་དོན་རྐྱེན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཅེས་བསྟན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1