རྔ་བ་ཁུལ་གྱིས་དགུན་ཁ་དང་དཔྱིད་ཀའི་ཡུལ་སྐོར་ཐོན་རྫས་ཕྱིར་འགྲེམ་བྱས་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-08


          སྤྱི་ཟླ་1པོའི་ཚེས་4ཉིན། རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་དགུན་དཔྱིད་གཉིས་ཀྱི་ཡུལ་སྐོར་ཐོན་རྫས་ཀྱི་གསར་འགོད་ཁྱབ་བསྒྲགས་དང་སྲིད་ཇུས་བཟང་བོ་གསལ་བཤད་ཚོགས་འདུ་ཞེས་པ་གཉིས་ཁྲེན་ཏུའུ་རུ་འཚོགས་ཤིང་། དེ་དང་ཆགས་ཅིག་གཟི་རྩྭ་སྡེ་དགུ་ཡི་སྐབས་བཅུ་པའི་རྒྱལ་སྤྱིའི་འཁྱགས་རོམ་གྱི་རྦབ་ཆུའི་ཡུལ་སྐོར་དུས་ཆེན་འགོ་རྩོམ་པའི་མཛད་སྒོ་ཡང་འཚོགས་པ་རེད། ཉིན་དེར་ད་དུང་རྔ་བ་ཁུལ་ཡོངས་ཀྱི་ཡུལ་སྐོར་གཞུང་ཕྱོགས་དྲ་བ་སྟེ། རྔ་བའི་ཡུལ་སྐོར་དྲ་བ་དངོས་སུ་སྒོ་ཕྱེས་ཡོད་ལ། འདིར་ཐོན་རྫས་དང་ཁྲོམ་རའི་གཞི་གྲངས་ཀྱི་ལྟེ་གནས་ཆེ་ཤོས། ཁུལ་ཡོངས་ཀྱི་ཡུལ་སྐོར་ཚོང་ལས་བློ་འདྲི་ཞབས་ཞུའི་ལྟེ་གནས། ཁུལ་ཡོངས་ཀྱི་ཡུལ་སྐོར་གློག་རྡུལ་བརྗེ་རེས་ཀྱི་ཕྱོགས་གཙོ་བོ་གསུམ་བཅས་ཀྱི་ཞབས་ཞུའི་ནུས་པ་ལྡན་ཡོད།  དེ་བཞིན་འཁྱགས་ཤུད་གློད་པ་དང་། ཚ་ཆུ་རུ་སྦོང་བ། ཉི་མར་ལྡེ་བ། གྲོང་སྡེར་མྱུལ་བ། མེ་ཏོག་ལ་བལྟ་བ་བཅས་ནི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རྔ་བ་ཁུལ་གྱི་ཡུལ་སྐོར་ལས་རིགས་ཀྱི་ཐད་ནས་མངོན་གསལ་དོད་པའི་ཁྱད་ཆོས་ཆེན་པོ་དྲུག་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1