གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༡༤ཉིན།

ལྷ་ས་ནས་ནག་ཆུའི་བར་ཆུ་ཚོད3ལས་འགོར་གྱི་མིན་འདུག


   ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ཡངས་པ་ཅན་བར་གྱི་གཞུང་ལམ་དུམ་བུར་རིམ་རྩིས་བྱས་ན་མ་འཇོག་བསྡོམས་འབོར་གྱི་བརྒྱ་ཆ་92.84ལེགས་སྒྲུབ་བྱས་པ་དང་འཆར་གཞི་བྱས་ན་སྤྱི་ལོ་2021ལོའི་ཟླ་6པའི་ཟླ་མཇུག་ཏུ་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་ཚོད་ལྟའི་འཁོར་སྐྱོད་བྱ་རྩིས་ཡོད་པ་རེད། 

ལྷ་ས་ནས་ནག་ཆུའི་བར་ཆུ་ཚོད3ལས་འགོར་གྱི་མིན་འདུག

   G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ལམ་དུམ་བུའི་སྤྱིའི་རིང་ཚད་སྤྱི་ལེ་226.94ཟིན་པ་དང་ཕྱོགས་གཉིས་ནས་འཁོར་ལམ་བཞི་ཡོད་པའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཡོད་ཅིང་། རླངས་འཁོར་གཏོང་བའི་མྱུར་ཚད་སྤྱི་ལེ་120ལྟར་འཆར་འགོད་བྱས་ཡོད་པ་རེད། ལམ་ཐིག་ཧྲིལ་པོར་ཁྱོན་ཟམ་པ་145ཡོད་པའི་ནང་ཟམ་པ་ཆེ་ཤོས་7དང་།    ཟམ་པ་ཆེ་འབྲིང་89 ཟམ་པ་ཆུང་གྲས49 ཕུག་ལམ་1བཅས་ཡོད་ཅིང་། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་བརྒྱ་ཆ་6.79ཟིན་ཡོད་པ་རེད། 

ལྷ་ས་ནས་ནག་ཆུའི་བར་ཆུ་ཚོད3ལས་འགོར་གྱི་མིན་འདུག

       ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་བསྐྲུན་རྗེས། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་སྐྱེལ་འདྲེན་ནུས་པ་ཇེ་ཆེར་གཏོང་རྒྱུ་དང་།  ལྷ་ས་དང་ནག་ཆུའི་དབར་གྱི་ལམ་ཐག་ཆུ་ཚོད་3ཐུང་དུ་ཕྱིན་པ་དེས་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བ་དང་། ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། ལམ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། ས་ཁོངས་ཀྱི་ལམ་དྲའི་གྲུབ་ཆ་དང་ནུས་པ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པས་དུས་རབས་གསར་པའི་ནང་ཕྱོགས་གཅིག་ལ་ཕན་པ་སྐྲུན་པའི་མཁའ་ལམ་གསར་པའི་འདུ་འགོད་ཅིག་ཡིན་པ་རེད།

       མིག་སྔའི་བར་བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་728ཟིན་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1