རྔ་བ་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྦྱོང་དང་ཟབ་སྤེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 05-14


        ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། རྔ་བ་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་དོན་དངོས་ལ་གཞི་ཚུགས་པ་དང་། དོན་འཁྱོལ་ལ་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བཞིན་ཡོད།
        ཟུང་ཆུ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ཟབ་མོར་སྤེལ།
        ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་འདིར་ཟུང་ཆུ་རྫོང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་བས་ངས་མང་ཚོགས་ལ་དོན་དངོས་བསྒྲུབས་པ་དང་། ཀྲི་པུའུ+ཡི་བྱེད་སྟངས་སྤྱད་ནས་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ཟབ་མོར་སྤེལ་བ་དང་། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་བའི་རོང་འབྲོག་མང་ཚོགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དགོངས་བར་གོ་བ་ལེན། དོན་དངོས་ལེགས་པར་སྒྲུབ་པ། རྣམ་པ་གསར་བ་འབྱེད་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་ཧུར་ཐག་བྱས།
        ཚན་རིག་དང་མཐུན་པར་གྲ་སྒྲིག་བྱས་ནས་ཀྲི་པུའུ+ཡི་རྣམ་པ་བདམས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་རུ་ཁག་སྟོབས་ཆེར་བཏང་། ཟུང་ཆུ་རྫོང་གིས་སྲིད་ཇུས་ཤེས་པ་དང་བཅའ་ཁྲིམས་ཤེས་པ། སྐད་གཉིས་བྱང་ཆུབ་པའི་ལས་བྱེད་པ་རྣམས་སྐད་གཉིས་སྒྲོག་འགྲེལ་རུ་ཁག་ཏུ་བཅུག་ཅིང་། ཀྲི་པུའུ+ཡི་རྣམ་པ་སྤྱད་དེ་རྒྱ་སྐད་དང་ཆའང་སྐད་དང་། རྒྱ་སྐད་དང་བོད་སྐད་གཉིས་ཀྱི་སྐད་གཉིས་སྒྲོག་འགྲེལ་རུ་ཁག་བཙུགས་པ་དང་། སྒྲོག་འགྲེལ་རུ་ཁག་གིས་ཕན་ཚུན་གཞོགས་འདེགས་དང་གཞི་གཅིག་ཅན་གྱི་སྒྲོག་འགྲེལ་བྱེད་པའི་བྱེད་ཐབས་བརྒྱུད་ནས་མང་ཚོགས་ལ་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱས།
        གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཀྲི་པུའུ+ཡི་རྣམ་པ་བརྒྱུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མ་དཔེ་གསར་བ་འདོན་སྤེལ་གང་ལེགས་བྱས། ཟུང་ཆུ་རྫོང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་བས་དམུ་དགེའི་གྲོས་ཚོགས་རྗེས་ཤུལ་དང་། ཧྲ་ཝོའི་གྲོས་ཚོགས་རྗེས་ཤུལ། དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་། ཐ་ཕིང་རི་བོའི་དམག་འཐབ་རྗེས་ཤུལ་སོགས་གང་ལེགས་སྤྱད་ནས། ཡུལ་དངོས་སུ་སློབ་གསོ+Nཡི་རྣམ་པའི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ཟབ་མོ་སྤེལ།
        ཕན་འབྲས་མངོན་གསལ་དོད་ནས་ཀྲི་པུའུ+ཡི་རྣམ་པ་བརྒྱུད་མང་ཚོགས་ལ་དོན་དངོས་བསྒྲུབས། དམུ་དགེ་གྲོང་རྡལ་གྱིས་ཏང་གི་སློབ་ཚན་ཁྲིད་པ་དང་དོན་དངོས་སྒྲུབ་པ་བཅས་ཀྱི་བྱེད་སྒོ་སྤེལ་ཞིང་། སྒྲོག་འགྲེལ་རུ་ཁག་གིས་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱས་པ་དང་། སྨད་པ་ཡུལ་ཚོས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་རྒྱུ་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བཟུང་ཞིང་། དགེ་ཡག་གྲོང་སྡེས་ཀྲི་པུའུ+རྣམ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབྲོག་པ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་ཀྱི་གནད་དོན་ལ་དམིགས་ནས་གནད་དོན་ཐག་གཅོད་ཐབས་བཙལ། རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་འབྲེལ་ཏེ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་17དུ་བསྐྱོད་ནས་འབྲེལ་ཡོད་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས།
        ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཟུང་ཆུ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ངས་མང་ཚོགས་ལ་དངོས་དོན་བསྒྲུབ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཏང་གི་ལོ་རྒྱུས་ནི་ངེས་པར་དུ་སློབ་དགོས་པའི་སློབ་ཚན་ཞིག་ཏུ་བརྩིས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སྤྱི་བསྡོམས་ཡག་པོ་བྱས་པ་དང་། ཏང་གི་ལེགས་འགྲུབ་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་ཡག་པོར་གཏོང་བ་དང་ཆབས་ཅིག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གཙོ་གནད་ལས་དོན་སྐུལ་སྤེལ་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་དང་།རིམས་ནད་སྔོན་འགོག་ཚོད་འཛིན། བདེ་འཇགས་ཐོན་སྐྱེད། ཁུལ་གསུམ་སྡོད་གཅིག་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས་མང་ཚོགས་ཀྱི་དཀའ་གནད་བསལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1