གནོད་འགོག་གནོད་སེལ་སློབ་གྲྭར་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-17



            ད་ལོའི་ཟླ5པའི་ཚེས12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ཉིན་མོ་ཐེངས་བཅུ་གསུམ་པ་དེ་ཡིན་ཞིང་། རྒྱ་ཆེའི་དགེ་སློབ་རྣམས་ཀྱི་གནོད་འགོག་གནོད་སེལ་གྱི་བདེ་འཇགས་འདུ་ཤེས་་ཆེ་རུ་གཏོང་བ་དང་། གནོད་འགོག་གནོད་སེལ་ཤེས་བྱ་སྔར་བས་ཁྱབ་གདལ་དུ་བཏང་ནས་གློ་བུར་དུ་ཐོན་པའི་སྤྱི་པའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་གྱི་ནུས་པ་དང་རང་སྐྱོབ་ནུས་པ་ཆེ་རུ་བཏང་ཞིང་། ཚེས12ཉིན་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་ནགས་ལས་རྩྭ་ཐང་ཅུས། གནམ་གཤིས་ཅུས་བཅས་ཀྱིས་མཛོ་སྒང་རྫོང་སློབ་འབྲིང་དུ“གནོད་འགོག་གནོད་སེལ”གྱི་ཆེད་དོན་བྱེད་སྒོ་སྤེལ་བ་རེད། 

 རུ་འབྲིང་བཀོད་འཐབ་པ་ཐུབ་བསྟན་དབང་འདུས་ཀྱིས་མཛོ་སྒང་རྫོང་སློབ་འབྲིང་གི་དགེ་སློབ་རྣམས་ལ་ས་ཡོམ་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་བྱེད་ཐབས་འགྲེལ་བཤད་ཞིབ་ཕྲ་གནང་བཞིན་པ། 

མཛོ་སྒང་རྫོང་སློབ་འབྲིང་གི་དགེ་སློབ་ཀྱིས་འཁྲབ་སྦྱོང་ཁྲོད་གོ་རིམ་ལྡན་པའི་ངང་བདེ་འཇགས་ས་ཁོངས་དུ་ཕྱིར་འཐེན་བྱེད་བཞིན་པ། 

ཡོམ་འགོག་གནོད་སེལ་གྱི་སྐབས་འཕྲལ་ཕྱིར་འཐེན་འཁྲབ་སྦྱོང་སྒྲིག་འཛུགས་བྱས་པ།
            འཁྲབ་སྦྱོང་མ་བྱས་གོང་། རུ་འབྲིང་གི་བཀོད་འཐབ་པ་ཐུབ་བསྟན་དབང་འདུས་ཀྱིས་མཛོ་སྒང་རྫོང་སློབ་འབྲིང་གི་དགེ་སློབ་ཚོར་ས་ཡོམ་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་ཁ་གཏད་གཅོག་ཐབས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཏེ། ཁོང་ཚོར་ས་ཡོམ་རྒྱག་སྐབས་འཕྲལ་མར་འབྲོ་ཐབས་དང་རང་སྐྱོབ་བྱེད་པ། ཕན་ཚུན་རོགས་སྐྱོབ་བྱེད་པ་བཅས་ཀྱི་གཞི་རྩའི་བྱེད་ཐབས་ཁོང་དུ་ཆུད་རོགས་བྱས་ཏེ་ཐོལ་བྱུང་གི་གནོད་འཚེ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་བ་རེད། 
            སྔ་དྲོའི་ཆུ་ཚོད10པར་སློབ་གྲྭའི་ནང་གི་ཉེན་བརྡ་གྲགས་པ་དང་ཆབས་ཅིག་དགེ་སློབ་ཡོངས་ཀྱིས་ལག་གཉིས་ཀྱིས་མགོ་བོ་དམ་པོར་སྐྱོར་ནས་སྒྲོག་ཙེའི་འོག་ཏུ་སྐོང་པ་དང་། ཉེན་བརྡ་ཕྱིར་འཐེན་བྱས་རྗེས་བདེ་འཇགས་པའི་ཁྲིད་སྟོན་འོག་དགེ་སློབ་ཡོངས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་སློབ་ཁང་ནས་ཕྱིར་འཐེན་བྱས་ཏེ། སློབ་གྲྭའི་ལུས་རྩལ་ཐང་གི་བདེ་འཇགས་ས་ཁུལ་དུ་བསྐྱོད་ནས་འཁྲབ་སྦྱོང་གི་སྔོན་དཔག་དམིགས་ཚད་ལ་སླེབས་ཡོད་པ་རེད། 

འཆད་ཁྲིད་བྱ་ཡུལ། 

འཆད་ཁྲིད་བྱ་ཡུལ། 

འཆད་ཁྲིད་བྱ་ཡུལ། 
           “གནོད་འཚེ་འགོག་སེལ་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི”ཆེད་དོན་འཆད་ཁྲིད་སྤེལ་བ། 
           འཆད་ཁྲིད་ནང་གནོད་འགོག་གནོད་སེལ་གྱི་ཤེས་བྱ་འགྲེལ་བཤད་དང་བརྗེ་རེས། ཕན་ཚུན་སྐུལ་འདེད། དྲིལ་སྒྲོག་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རུ་འབྲིང་གི་བཀོད་འཐབ་པ་ཚོས་མཛོ་སྒང་རྫོང་སློབ་འབྲིང་གི་དགེ་སློབ་ཚོར་གནོད་འགོག་གནོད་སེལ་གྱི་བདེ་འཇགས་སློབ་གསོའི་སློབ་ཁྲིད་བྱས་པ་དེས་ཁོ་ཚོའི་གནོད་འགོག་གནོད་སེལ་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་པ་དང་དེ་བཞིན་བྲོས་བྱོལ་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད། 
           སྡོམ་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་སྒྲོག་དངོས་ཟོག་དང་དཔྱད་ཡིག500ལྷག་ཙམ་སྤྲད་པ་དང་སློབ་གསོ་ཐོབ་པའི་དགེ་སློབ220ལྷག་ཙམ་ལ་སླེབས་ཡོད་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1