གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༡༨ཉིན།

གཞན་ནས་ཁྱེར་ཡོང་བའི་བུ་མོས་དགུང་ལོ་92ལ་སླེབས་པའི་རྨོ་བོ་ཁྲིད་ནས་སློབ་ཆེན་འགྲིམས་པ།



     མཐོ་སྒང་གི་ཕྲེང་བ་ལྟར་བརྒྱུད་པའི་རི་ཚོགས་ཐོག་ལྗོན་ཤིང་དང་རྩྭ་མི་སྐྱེ་མོད། འོན་ཀྱང་ཚོམ་ཚོམ་ལྟར་བྱས་པའི་སྐལ་བཟང་མེ་ཏོག་དེ་དག་སྐྱེ་སྟོབས་འབར་བའི་ངང་སྐྱེས་བཞིན་མཆིས།
     དེས་མཐོ་སྒང་གི་ཉི་འོད་ལ་དགའ་པོ་ཡོད་ལ་གངས་ལྗོངས་ཀྱི་གྲང་ངར་ཐེག་ཐུབ་ཀྱི་ཡོད་པས་བོད་རིགས་མང་ཚོགས་ཚོས་དེ་ལ་བདེ་སྐྱིད་མེ་ཏོག་ཅེས་བརྗོད་ཀྱི་ཡོད།
     ཁོང་ནི་བོད་ཀྱི་བརྩོན་སྐྱེད་ཅན་གྱི་བུ་མོ་ཞིག་ཡིན་ཞིང་། ཆུང་དུས་ནས་བཟུང་། ད་ལྟའི་རྨོ་བོ་(མ་ཡར)ཡིས་ད་བར་གསོ་སྐྱོང་བྱས་ཡོད། རྨོ་བོ་གཞོན་དུས་བཟའ་ཟླ་ཚེ་ལས་འདས་སོང་བས་བགྲེས་སོང་ཁེར་རྐྱང་དུ་གྱུར་བ་དང་། གཉེན་ཉེ་དང་བུ་ཕྲུག་གམ་དུ་བསྡད་མེད།
     ཁོ་མོའི་དྲན་འཆར་ནས་བཟུང་། རྨོ་བོ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་བྱས་ནས་སྡོད་ཡོད། ད་ཆ་ཁོ་མོ་བོད་ལྗོངས་སློབ་ཆེན་གྱི་ཐད་ཀར་འབུམ་རམས་པའི་ཡོན་གནས་སྦྱངས་བརྩོན་བྱེད་པའི་དངོས་གཞིའི་སློབ་མ་(མིང་སྐལ་གཅིག་ལས་མེད)རུ་གྱུར་ཡོད། དེ་བས་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་མོས་ད་དུང་དགུང་ལོ་92ལ་སླེབས་པའི་རྨོ་བོ་ཁྲིད་ནས་སློབ་གཉེར་བྱེད་ཡོད་པ་རེད།
     ཁོ་མོའི་མིང་ལ་བློ་བཟང་ཆོས་སྒྲོན་ཟེར་བ་དང་། གཞན་ལ་མགོ་མི་སྒུར་བ་ཡིན་པ་དང་། འཚོ་བའི་ལམ་བུར་ཀྱག་ཀྱོག་མང་པོ་ཞིག་བརྒྱུད་མྱོང་ཀྱང་ཁོ་མོ་ནི་སྔར་བཞིན་སེམས་བཟང་ཞིག་རེད།ལོ་བཅུ་ལྷག་ཙམ་གྱི་སྔོན་ལ། ལོ་7ལ་སླེབས་པའི་བློ་བཟང་ཆོས་སྒྲོན་ལྷ་སའི་ཁྲོམ་གཞུང་དུ་བོར་སོང་། ལས་དབང་ཞིག་གི་བཀོད་སྒྲིག་འོག་མོ་རང་སྐོར་བ་འགྲོ་བཞིན་པའི་དགུང་ལོ་བདུན་ཅུར་སོན་པའི་རྒན་མོ་ཞིག་དང་འཕྲད་ཡོད་ལ། རྨོ་བོ་འདི་ལ་ཤ་ཉེ་གཅིག་ཀྱང་མེད་ལ་དེ་ཡང་ཁེར་རྐྱང་གི་མི་ཞིག་ཡིན།དེ་ནས་བཟུང་ཁོང་གཉིས་ཀྱིས་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་པས་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་ཀྱང་འགོ་བརྩམས་པ་རེད།
     ཕྱོགས་སོ་སོའི་རོགས་རམ་འོག མིག་རྡེབ་དབང་ཙམ་ལ་བློ་བཟང་ཆོས་སྒྲོན་ཡུལ་འཁྱམས་ཀྱི་བུ་མོ་ཆུང་ཆུང་ཞིག་ནས་རིམ་བཞིན་དམའ་འབྲིང་སློབ་གཉེར་བྱས་ཚར། འོན་ཀྱང་། ལས་དབང་མི་བཟང་བས་བློ་བཟང་ཆོས་སྒྲོན་གྱི་རྨོ་བོ་འགྲིམ་འགྲུལ་དོན་རྐྱེན་གྱིས་ན་ཚ་བྱུང་བ་དང་། འཚོ་བའི་ཁུར་པོ་ལྕི་མོས་ཡང་བསྐྱར་བློ་བཟང་ཆོས་སྒྲོན་ལ་གནོན་ཤུགས་སྟེར་བྱུང་། འོན་ཀྱང་། སྐལ་བཟང་མེ་ཏོག་ལྟར་ཞུམ་པ་མེད་པའི་བུ་མོས་ལས་སླ་པོར་ཕམ་ཁ་ཁས་ལེན་ག་ལ་བྱེད། རྨོ་བོ་ལགས་ལ་ལྟ་སྐྱོང་བྱེད་ཆེད། དུས་དེ་ནས་བཟུང་། ཁོ་མོ་མགྱོགས་མྱུར་ངང་ནར་སོན་པ་རེད།
     མི་བཟང་གི་རོགས་རམ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་རྗེས། བློ་བཟང་ཆོས་སྒྲོན་གྱིས་མཐོ་རིམ་སློབ་འབྲིང་སློབ་གཉེར་བྱས་ཚར། འོན་ཀྱང་། དཀའ་གནད་ཅིག་ཁོ་མོའི་མདུན་དུ་ཡང་བསྐྱར་མངོན་ཡོང་། ཕྱི་རོལ་གྱི་འཇིག་རྟེན་ངོ་མཚར་ཆེ་མོད། འོན་ཀྱང་ལོ་ན་མཐོ་བའི་རྨོ་བོ་ལགས་ཇི་ལྟར་བྱ་དགོས་སམ། བློ་བཟང་ཆོས་སྒྲོན་གྱིས་རྨོ་བོ་ཁྲིད་ནས་སློབ་ཆེན་འགྲིམས་རྒྱུའི་ཐག་བཅད།
     བློ་བཟང་ཆོས་སྒྲོན་ལ་མཚོན་ན། ཁོ་མོའི་སློབ་ཆེན་དགེ་རྒན་ལ་བག་ཆགས་ཟབ་མོ་ཞིག་ཡོད།
     བློ་བཟང་ཆོས་སྒྲོན་གྱིས་བལྟས་ན། འཚོ་བའི་དཀའ་སྡུག་ནི་དེ་འདྲའི་དཀའ་མོ་ཞིག་མ་ཡིན་པར་ཀྱག་ཀྱོག་གི་མི་ཚེའི་ལམ་བུའང་གཞན་དང་མི་འདྲ་བའི་ངོ་མཚར་ལྡན་པ་ཞིག་རེད། ས་བབ་མཐོ་ཞིང་གྲང་ལ་དབྱང་དབུགས་དཀོན་མོད། མགོ་མི་སྒུར་བའི་སྐལ་བཟང་མེ་ཏོག་འདི་སྔར་བཞིན་རྣམ་པར་བཞད་པ་དང་སེམས་པ་བཟང་པོ་ཡོད།
     བརྙན་ཆས་ཀྱི་མདུན་དུ་བློ་བཟང་ཆོས་སྒྲོན་སྐྱེངས་པོ་ཡོད་མོད། ཡིན་ཡང་མོ་རང་གིས་ན་ཟླ་ཚོར་གང་ཞིག་བཤད་འདོད་ཡོད། ཁོ་མོས་བལྟས་ན། འདི་ནི་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པ་དང་འདྲ་ལ། མི་ལ་དཔའ་ངར་སྐྱེད་པའི་སྟོབས་ཤུགས་ཤིག་རེད།
     2020ལོའི་ཟླ་10པར་བློ་བཟང་ཆོས་སྒྲོན་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཞིག་ཏུ་གྱུར། ཁོ་མོས་ཏང་ཞུགས་རེ་ཞུའི་ཡི་གེའི་ནང་འདི་ལྟར་བྲིས་ཡོད་དེ་“བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པའི་ངོས་ནས། ངས་མིག་རྒྱང་རིང་དུ་བསྐྱེད་ནས་ཕྱིར་བཤོལ་གཏན་ནས་བྱེད་ཀྱི་མིན། བོད་ལྗོངས་སློབ་ཆེན་གྱི་ཏང་ཡོན་ཞིག་ཡིན་པའི་ངོས་ནས། ངས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་ཀྲུང་དབྱང་ལ་བརྩི་བཀུར་བྱ་རྒྱུ་ཡིན། བོད་ལྗོངས་སློབ་ཆེན་གྱི་ཕུགས་འདུན་དོན་གཉེར་བ་ཞིག་ཡིན་པའི་ངོས་ནས། ངས་སྔོན་ལ་གདོང་མཆོངས་དང་འབད་འཐབ་བྱེད་ཕོད་ཀྱི་ཡོད། ང་ནི་བོད་ལྗོངས་སློབ་ཆེན་གྱི་བློ་བཟང་ཆོས་སྒྲོན་ཡིན། ངས་བོད་དུ་རྩ་བ་ཚུགས་པ་དང་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚན་ལྡན་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་ཞིག་བྱ་རྒྱུ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1