གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༢༠ཉིན།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་ཞེ་གསུམ་བསད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་འགའ་ནས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་ཞེ་གསུམ་བསད་ཟེར། 
        གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ནན་ཀི་ཧཱ་ཨར་ཞིང་ཆེན་དང་ཁྲ་པུའུ་ཨར་ཞིང་ཆེན། ཧི་ལཱ་ཐི་ཞིང་ཆེན། པཱ་ཏི་ཅི་སི་ཞིང་ཆེན། ཧྥ་ལི་ཡཱ་པུའུ་ཞིང་ཆེན། པཱ་ཨར་ཧི་ཞིང་ཆེན། ཧི་ཨར་མན་ཏི་ཞིང་ཆེན། པཱ་ཀི་ལན་ཞིང་ཆེན་བཅས་སུ་ཐཱ་ལེ་པན་དྲག་ཆས་པར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་ཞེ་གསུམ་བསད་པ་ལས་གཞན་སྲིད་གཞུང་དམག་དཔུང་གིས་ད་རུང་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་རེ་དྲུག་རྨས། གཞན་ཡང་སྲིད་གཞུང་དམག་དཔུང་གིས་ད་རུང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱི་སྟབས་བདེའི་འགད་རྫས་སྒྲིག་ཆས་ང་གཉིས་རྙེད་ནས་གཏོར་ལེན་བྱས་ཟེར། 
        མིག་སྔར་ཐཱ་ལེ་པན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་པུའུ་ཡི་གོང་གི་གསལ་སྒྲོག་དེའི་ཐད་ནས་ལན་ཅི་ཡང་བྱིན་མེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1