རང་རྒྱལ་གྱིས་སོག་པོའི་བོད་ཡིག་གི་བསྟན་བཅོས་ཁག་འཚོལ་སྡུད་དང་ལེགས་སྒྲིག་ལས་ཀའི་འགོ་རྩོམ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09


         ཉེ་ལམ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཙོ་བོ་སྟེ། ཡོན་མིང་ཆིང་སྐབས་ཀྱི་སོག་པོའི་བོད་ཡིག་གི་བསྟན་བཅོས་སྔོག་འདོན་ལེགས་སྒྲིག་དང་ཞིབ་འཇུགགི་ལས་གཞི་ཕྱོགས་ཡོངས་ནས་འགོ་བཙུགས་པ་དེས། གཞི་རྒྱ་ཆེ་བའི་ངང་སོག་པོའི་བོད་ཡིག་གི་བསྟན་བཅོས་ཁག་འཚོལ་སྡུད་ལེགས་སྒྲིག་གི་ལས་ཀའི་འགོ་དངོས་སུ་བརྩམས་པ་མཚོན།

         སོག་པོའི་དགེ་བཤེས་དག་གིས་བོད་ཡིག་གི་ལམ་ནས་བསྟན་བཅོས་རྩོམ་པའི་སྲོལ་ནི་ལོ་རྒྱུས་སྟེང་སྔ་མོ་ནས་ཡོད་པ་ཞིག་ཡིན་ཞིང་། བོད་ཡིག་གི་བསྟན་བཅོས་འདི་དག་ནི་སོག་ཡིག་གི་བསྟན་བཅོས་མང་དུ་བྱུང་བའི་དུས་དང་ཕལ་ཆེར་དུས་མཉམ་དུ་བྱུང་ཡོད་ལ། ལྷག་ཏུ་དུས་རབས་18དང་19ཡི་ནང་རྩེར་སོན་པའི་དུས་ལ་བབ་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།

          རྒྱུས་ལོན་པ་ལྟར་ན། སོག་པོའི་བོད་ཡིག་གི་བསྟན་བཅོས་ཁག་ལེགས་སྒྲིག་བྱ་རྒྱུ་ནི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་ལས་གཞི་ཞིག་ཡིན་ལ། དེས་ཡིག་ཚགས་རྒྱུ་ཆ་དག་ལ་དགོས་ངེས་ཀྱི་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་པའི་རྨང་གཞིའི་ཐོག མི་རིགས་ཁག་བར་གྱི་རིག་གནས་བརྗེ་རེས་ལའང་ཕན་ཐོགས་པ་མ་ཟད། སོག་པོ་རིག་པ་དང་སོག་བོད་རིག་གནས་འབྲེལ་བའི་ཞིབ་འཇུག་ཐད་རྒྱུ་ཆ་གལ་ཆེན་འདོན་སྤྲོད་བྱེད་ཐུབ་པས། རིག་གཞུང་དང་ཉེར་སྤྱོད་གང་གི་ཆ་ནས་ཀྱང་རིན་ཐང་འགངས་ཆེན་ལྡན་ཡོད་དོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1