བོད་ལྗོངས་ཀྱི་ཁྲག་བཟོ་གཞུང་རྐང་ཕྲ་ཕུང་ཞལ་འདེབས་འབུལ་མཁན་དང་པོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-20



     ཟླ་5པའི་ཟླ་དཀྱིལ་ཏུ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་ལྷ་འཛིན་གྱིས་པེ་ཅིང་དུ་ཁྲག་བཟོ་གཞུང་རྐང་ཕྲ་ཕུང་དེ་ཁྲག་འབྲས་ནད་པ་ཞིག་ལ་ཞལ་འདེབས་བྱས་པ་རེད། 

    2018ལོའི་ཟླ་11པར། ལྷ་འཛིན་ནི་བོད་རང་སྐྱོང་ལྗོངས་ཁྲག་བཤེར་ལྟེ་གནས་ཀྱི་ཁྲག་ཞལ་འདེབས་འབུལ་སའི་རླངས་འཁོར་ནང་ཁྲག་གི་མ་དཔེ་བསྡུ་དུས། ཀྲུང་གོའི་ཁྲག་བཟོ་རྐང་གཞུང་ཕྲ་ཕུང་ཞལ་འདེབས་འབུལ་མཁན་གྱི་ཡིག་མཛོད་དུ་ཞུགས་པ་རེད། 2021ལོའི་ཟླ་2པར། ལྷ་འཛིན་ལ་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་མི་སྣས་ཁ་པར་འབྱོར་ནས། རང་ཉིད་དང་རྒྱ་རིགས་ཀྱི་ཁྲག་འབྲས་ནད་པ་ཞིག་དང་ཁྲག་རིགས་མཐུན་པ་ཤེས། ཟླ་4པར། ལྷ་འཛིནན་གྱིས་སླར་ཁྲག་གི་མ་དཔེ་བླངས་ནས་དམིགས་འཛུགས་ཚོད་ལྟ་ཁང་དུ་བསྐྱལ་བ་དང་། ནད་པ་དང་འཕྲོད་པ་གཏན་འཁེལ་བྱུང་བ་རེད། 


        ད་ལོའི་ཟླ་5པར། ལྷ་འཛིན་པེ་ཅིང་ལ་ཁྲག་བཟོ་གཞུང་རྐང་ཕྲ་ཕུང་ཞལ་འདེབས་སུ་བསྐྱོད་པ་དང་། ཁོ་མོ་ནི་བོད་ལྗོངས་ཀྱི་ཆེས་ཐོག་མའི་བོད་རིགས་ཀྱི་ཁྲག་བཟོ་གཞུང་རྐང་ཕྲ་ཕུང་ཞལ་འདེབས་འབུལ་མཁན་དུ་གྱུར་ཡོད། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1