དར་མདོའི་བཞི་པའི་རི་འཛེག་དུས་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-20



དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

 ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་ལེགས་སྐྱེས་འབུལ་བ་དང་གཙུག་ལག་རིག་གནས་རྒྱུན་འཛིན་བྱེད་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ། 2021ལོའི་དར་མདོའི་བཞི་པའི་ཚེས་བརྒྱད་ཀྱི་ལུས་རྩལ་སྤྱི་ཕན་རྒྱན་ཤོག་གཟེངས་བུམ་ཞེས་པའི་ཕག་མོ་རིའི་རི་འཛེག་དུས་ཆེན་སྐབས་བཅུ་གཅིག་པ་དེ་སྤྱི་ཟླ5པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད8པར་དར་མདོ་རུ་གཟབ་རྒྱས་ངང་སྤེལ་བ་རེད།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

   ད་ཐེངས་ཀྱི་བྱེད་སྒོ་དེ་དཀར་མཛེས་ཁུལ་སློབ་གསོ་ཅུས་དང་ལུས་རྩལ་ཅུས། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། དཀར་མཛེས་ཁུལ་ལུས་རྩལ་ལྟེ་གནས་དང་དར་མདོ་གྲོང་ཁྱེར་སློབ་གསོ་ཅུས་དང་ལུས་རྩལ་ཅུས། དཀར་མཛེས་ཁུལ་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བ།དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དང་། དར་མདོ་གྲོང་ཁྱེར་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས། དར་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས། དར་མདོ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་ཡུལ་སྡེ་འཛུགས་སྐྲུན་ཅུས། དར་མདོ་ཕག་མོ་རི་བོའི་ཡུལ་སྐོར་ཚད་ཡོད་སྤྱི་གཉེར་ཁང་། ཕག་མོ་རི་བོའི་ཡུལ་སྐོར་ལྟ་སྐོར་འབྲེང་ལམ་བཅས་ཀྱིས་སྒྲུབ་རོགས་བྱས་པ་རེད། 

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

   ཐེངས་འདིའི་རི་འཛེག་བྱེད་སྒོའི་སྤེལ་ཡུལ་ནི་སྔ་ལྟར་དར་མདོའི་མཛའ་གཞས་ཐང་ཆེན་ནས་ཕག་མོ་རི་བོའི་ལྗོངས་ཁུལ་བར་ཡིན་ཞིང་། བྱེད་སྒོ་དེ་ནང་མཐོ་འབྲིང་སློབ་མའི་སྐྱེས་པ་དང་བུད་མེད་ཚོ་ཆུང་གཉིས་དང་། སློབ་གྲྭ་ཆེ་འབྲིང་གི་སྐྱེས་པ་དང་བུད་མེད་ཚོ་ཆུང་གཉིས། སྤྱི་ཚོགས་ལས་རིགས་ཁག་གི་འགྲན་ཞུགས་སྐྱེས་པ་དང་བུད་མེད་ཚོ་ཆུང་གཉིས་བཅས་ཚོ་ཁག་དྲུག་ཏུ་བགོས་ཡོད་ཅིང་། ཁྱོན་མི་སྟོང་ལྷག་ཞུགས་ཡོད་པ་རེད།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

   དུས་ཡུན་སྐར་མ30རིང་གི་འགྲན་རྒྱུག་ཛ་དྲག་བརྒྱུད་རྗེས་མཐོ་འབྲིང་སློབ་མའི་སྐྱེས་པའི་ཚོ་ཆུང་གི་སློབ་མ་བློ་བཟང་བསྟན་འཛིན་དང་བུད་མེད་ཚོ་ཆུང་གི་སློབ་མ་བྱང་ཆུབ་སྒྲོལ་མ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སློབ་གྲྭ་ཆེ་འབྲིང་གི་སྐྱེས་པའི་ཚོ་ཆུང་གི་འཇམ་དབྱངས་ཆོས་འཕེལ་དང་བུད་མེད་ཚོ་ཆུང་གི་མཚོ་མོ་ལ་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ཚོགས་ལས་རིས་ཁག་གི་སྐྱེས་པའི་ཚོ་ཆུང་གི་རིན་ཆེན་ནོར་བུ་དང་བུད་མེད་ཚོ་ཆུང་གི་ཡ་ཧྥང་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

ཐེངས་འདིའི་འགྲན་རྒྱུག་ཏུ་ཞུགས་པའི་ཚོ་ཆུང་ཁག་གི་ཨང་བཅུ་པ་ཡན་གྱི་འགྲན་ཞུགས་པ་ཚང་མ་ལ་བྱ་དགའ་ཐོབ་ཡོད་པ་རེད།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།

དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1