ནང་སོག་གི་བྱེ་ཐང་ཁྲོད་ནས་སྤུས་ལེགས་ཀྱི་གཏེར་ཆུ་གསར་རྙེད་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09


       ཧྭ་ཧའེ་སློབ་ཆེན་སའི་གོ་ལ་དང་བཟོ་སྐྲུན་སློབ་གླིང་གི་ཞིབ་འཇུག་ཚོགས་པས་བཏོན་པའི་ས་འོག་ཆུའི་གཏིང་ཟབ་པའི་འཁོར་སྐྱོད་ཀྱི་རིགས་པའི་གཞུང་ལུགས་གཞིར་བཟུང་། ནང་སོག་ཨ་ལ་ཧྲན་ཡིའུ་ཆི་རུ་འཐུང་ཆུའི་ཆུ་འགོ་བཙལ་འཚོལ་གྱི་ལས་དོན་ལ་ཉེ་སྔོན་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་དེ། ཁྲོན་པ་8ནས་ཉིན་མཚན་རེར་སྤུས་ལེགས་ཀྱི་གཏེར་ཆུ་སྨི་ལྷམ་པ་ཁྲི་1ཙམ་ཐོན་ཡོད་པ་རེད།

       ནང་སོག་ཨ་ལ་ཧྲན་ཡིའུ་ཆི་ནི་ནང་སོག་ས་མཐོའི་ཆེས་སྐམ་སའི་ཁུལ་དུ་གནས་ཡོད་པ་དང་། ཆར་ཆུ་འབབ་ཚད་ཧའོ་སྨི་100ཡང་ཟིན་གྱི་མེད། ས་གནས་དེར་ས་ངོས་ཀྱི་ཆར་ཆུའི་བཞུར་རྒྱུག་མེད་པ་དང་ས་འོག་ཆུའི་ནང་གནོད་ལྡན་དངོས་པོ་ཚབས་ཆེན་ཡོད་པས། མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་གནད་དོན་དེ་ཁུལ་དེ་བཙུགས་པ་ནས་བཟུང་ཧ་ཅང་མངོན་གསལ་དོད་པོ་ཡོད། མཐའ་ཡས་པའི་བྱེ་ཐང་ཁྲོད་ཇི་ལྟར་གནད་ལ་འཁེལ་བའི་སྒོ་ནས་ཆུ་འགོ་བཙལ་དགོས་སམ། ཧྭ་ཧའེ་སློབ་ཆེན་སའི་གོ་ལ་དང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲེན་ཅན་ཧྲེང་དང་། དེ་བཞིན་ཚོགས་པ་དེས་ལོ་མང་ཞིབ་འཇུག་བྱས་པ་བརྒྱུད་ས་འོག་ཆུའི་གཏིང་ཟབ་པའི་འཁོར་སྐྱོད་ཀྱི་རིགས་པའི་གཞུང་ལུགས་བཏོན་ནས། པ་ཏན་ཅི་ལིན་བྱེ་ཐང་ཁྲོད་གཏིང་ཟབ་པའི་འཁོར་སྐྱོད་ཀྱི་ས་འོག་ཆུའི་འབྱུང་ཁུངས་གནས་ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཆོག་པའི་ངོས་འཛིན་གནང་བ་མ་ཟད། རིགས་པའི་གཞུང་ལུགས་དེ་གཞིར་བཟུང་པ་ཏན་ཅི་ལིན་བྱེ་ཐང་ཁྲོད་རྒྱལ་ཁབ་ཀྱི་སི་གཞི་རྒྱུ་ལྡན་པའི་གཏེར་ཆུའི་ཚད་གཞི་དང་མཐུན་པའི་སྤུས་ལེགས་ཀྱི་ཆུ་འགོ་གསར་རྙེད་བྱུང་བ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1