གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༢༤ཉིན།

“འཕྲལ་བསྟུན་ལས་འགན·2021ལོའི”ས་ཡོམ་གནོད་འགོག་གནོད་སེལ་དཀར་མཛེས་ཡན་ལག་དངོས་སྦྱོང་བྱེད་སྒོ་དུང་དཀར་ལུང་པར་སྤེལ།


“འཕྲལ་བསྟུན་ལས་འགན·2021ལོའི”ས་ཡོམ་གནོད་འགོག་གནོད་སེལ་དཀར་མཛེས་ཡན་ལག་དངོས་སྦྱོང་བྱེད་སྒོ་དུང་དཀར་ལུང་པར་སྤེལ།

འདི་ནི་དངོས་སྦྱོང་བྱེད་སའི་ཡུལ་དངོས་རེད།


སྤྱི་ཟླ5པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཡོམ་གནོད་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུའུ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་བྱས་ནས“འཕྲལ་བསྟུན་ལས་འགན·2021ལོའི” ས་ཡོམ་གནོད་འགོག་གནོད་སེལ་གྱི་དངོས་སྦྱོང་བྱེད་སྒོ་སྤེལ་བ་རེད། འདི་ནི་འཕྲལ་བསྟུན་དོ་དམ་པུའུ་བཙུགས་ནས་ལོ་གསུམ་རིང་ལ་ཐེངས་དང་པོར་གཉེར་བའི་ཡུལ་དངོས་སུ་དམག་མིར་བརྟག་བཤེར་རང་བཞིན་གྱི་གཞི་ཁྱོན་ཆེ་བའི་དངོས་སྦྱོང་ཞིག་ཡིན་ཞིང་། གཡག་རྔ་གྲོང་ཁྱེར་དུ་དངོས་སྦྱོང་བྱེད་ས་གཙོ་བོ་དང་ཁྲིན་ཏུའུ། ཕན་ཀྲི་ཧྭ། ལུའོ་ཧྲན། རྔ་བ། དཀར་མཛེས། ལིའང་ཧྲན་སོགས་གྲོང་ཁྱེར﹙ཁུལ﹚དུ་དངོས་སྦྱོང་བྱེད་སའི་ཡན་ལག་ས་ཁུལ་གཉེར་བ་རེད།

ཐེངས་འདིའི་དངོས་འཐབ་དངོས་སྦྱོང་ནི་དམག་དཔུང་གིས་འཕྲལ་བྱུང་གནོད་འཚེའི་གནས་ཚུལ་འོག་འཐབ་འཛིང་འཇོན་ནུས་ལ་བརྟག་བཤེར་དང་། དམག་དཔུང་གི་ཕྱོགས་བསྡུས་མཁོ་བསྟུས་རོགས་སྐྱོབ་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་རེད།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1