དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-25




        ཟླ5པའི་ཚེས24ཉིན་གྱི་སྔ་དྲོར། དར་མདོ་གྲོང་ཁྱེར་གྱིས་གཞི་ཁྱོན་ཆེ་བའི་སྒོས་དཀར་མཛེས་ཁུལ་ལུས་རྩལ་ཁང་དུ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་ཀ་སྤེལ་མགོ་ཚུགས་ཤིང་། ཉིན་དེའི་ཆུ་ཚོད19ཡི་བར་རིམས་འགོག་སྨན་ཁབ་ཐེངས4376བརྒྱབ་པ་རེད།

        ལུས་རྩལ་ཁང་དུ་སོང་ནས་རིམས་འགོག་སྨན་ཁབ་རྒྱག་པར་ཐོག་མར་སྨན་ཁབ་རྒྱག་པར་སྒུག་པ་དང་། དེ་ནས་སྔོན་དཔྱད་དང་ཐོ་འགོད། རིམས་འགོག་སྨན་ཁབ་རྒྱག་པ། སྡོད་དེ་ལྟ་ཞིབ་བྱེད་པ་བཅས་གོ་རིམ་ལྔ་བརྒྱུད་དགོས།

        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་སྨན་ཁབ་རྒྱག་ས30དང་། སྔོན་དཔྱད་ཡན་ལག་སྨན་བཅོས་སྟེགས་བུ40 སྨན་ཁབ་རྒྱག་པར་ཐོ་འགོད་བྱེད་ས10བཅས་བཙུགས་ཡོད་པ་རེད།

        ཉིན་དེ་ནས་བཟུང་ལོ18དང་དེའི་ཡན་གྱི་མི་ཚོགས་ལ་དམིགས་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་པ་དང་། ཉིན་རེར་སྨན་ཁབ་རྒྱག་ཚད5000ནས6000བར་གྱི་འཆར་གཞི་ལྟར་རིན་མི་དགོས་པར་སྨན་ཁབ་རྒྱག་རྒྱུ་ཡིན་པ་རེད། རིམས་འགོག་སྨན་ཁབ་དང་པོ་བརྒྱབ་རྗེས། བར་ཐག་ཉིན21གི་རྗེས་སུ་ཐེངས་གཉིས་པའི་རིམས་འགོག་སྨན་ཁབ་བརྒྱབ་ཆོག  བར་ཆོད་དུས་ཡུན་ཉིན56ལས་བརྒལ་མི་རུང་།

        སྨན་ཁབ་རྒྱག་རིང་གྱོན་གོས་ལྷུག་པོ་སྟབས་བདེ་གྱོན་པ་དང་། ཐོབ་ཐང་ལག་ཁྱེར་དང་བདེ་ཐང་ཨང་རྟགས་འཁྱེར་ཏེ་ལྟོ་རྒྱགས་རྗེས་གཞི་ནས་སྨན་ཁབ་རྒྱག་དགོས་པ་ལས་ཁོག་སྟོང་དུ་སྨན་ཁབ་རྒྱག་རྒྱུ་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1