ཟུང་ཆུ་རྫོང་གི་མེ་འགོག་བར་ཆོད་མ་ལག་འཛུགས་སྐྲུན་ལེགས་གྲུབ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 05-25



    ཟུང་ཆུ་རྫོང་གི་མེ་འགོག་བར་ཆོད་མ་ལག་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ། 
    ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་གནོད་འཚེ་ཕོག་ཚད་ཚོད་འཛིན་ནུས་ལྡན་བྱེད་པ་དང་ནགས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་། རང་བྱུང་སྣོད་བཅུད་དོ་སྙོམས་དང་སྣོད་བཅུད་བདེ་འཇགས་དང་སྐྱེ་ཁམས་སྣ་མང་བཅས་ལ་སྲུང་སྐྱོང་བཅས་བྱ་ཆེད། ཉེ་ཆར། ཟུང་ཆུ་རྫོང་གིས་མེ་ཟོན་བཀག་འགོག་མ་ལག་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པས་མིག་སྔར་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་324བཏང་བ་དང་འཛུགས་སྐྲུན་གྱི་ནང་དོན་ནི་བཀག་སྡོམ་ཁུལ་འདིང་བ་དང་ནགས་འོག་གི་འབར་ཐུབ་པའི་དངོས་པོ་གཙང་སེལ་བྱ་རྒྱུ་དེ་རེད། དེའི་ནང་ཚོད་འཛིན་ཁུལ་སྤྱི་ལེ་40.20འདིང་བ་དང་ནགས་འོག་གི་འབར་ཐུབ་པའི་དངོས་པོ་མུའུ་1800གཙང་སེལ་བྱ་རྒྱུ་དེ་ཤང་གྲོང་14དང་འབྲེལ་བ་ཡོད་པ་རེད། 
    ནགས་ཚལ་འོག་གི་འབར་ཐུབ་པའི་དངོས་པོ་སྐྱེལ་འདྲེན་བྱེད་ཚད་ཉུང་དུ་གཏོང་གང་ཐུབ་བྱ་ཆེད། ཟུང་ཆུ་རྫོང་གིས་དུས་མགོའི་མཐིལ་རྟོགས་རིམ་བཤེར་དང་བཅར་འདྲི་བརྟག་དཔྱད་ལས་དོན་ཧུར་ཐག་སྤེལ་བ་དང་ཕྱོགས་གསུམ་པ་གདན་དྲངས་ནས《ཟུང་ཆུ་རྫོང་གི་མེ་ཟོན་ཆོད་འགོག་མ་ལག་འཛུགས་སྐྲུན་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི》བཟོས་ཡོད། ན་ནིང་ཟླ་11པར་ལས་མགོ་བརྩམས་པ་ནས་བཟུང་ཨར་ལས་མི་སྣས་ཆུ་གཏོང་བ་དང་རྩྭ་ལྡུམ་མེད་པར་བཟོ་བ། ཡལ་བཞུར་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབར་སླ་བའི་དངོས་པོ་གཙང་སེལ་བྱས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1