མཚོ་སྔོན་རྨ་སྟོད་རྫོང་གིས་ནུས་ཤུགས་ཡོད་རྒུས་ས་ཡོམ་རྗེས་ཀྱི་ཞོར་ཐོན་ས་གཤིས་གནོད་འཚེ་གྲལ་བཤེར་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-26



འདི་ནི་ཉིན་ཤས་གོང་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཟི་ལིང་རང་བྱུང་ཐོན་ཁུངས་ཕྱོགས་བསྡུས་བརྟག་དཔྱད་ལྟེ་གནས་ཀྱིས་ས་ཡོམ་རྗེས་ཀྱི་ས་གཤིས་ཀྱི་གནོད་འཚེར་གྲལ་བཤེར་བྱེད་བཞིན་པ། 
        མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ“5·22”ཀྱི་ས་ཡོམ་རིམ་པ་7.4བརྒྱབ་རྗེས་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཟི་ལིང་རང་བྱུང་ཐོན་ཁུངས་ཕྱོགས་བསྡུས་བརྟག་དཔྱད་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་མདོག་ལྡན་ས་གཤིས་རྩད་ཞིབ་ཁང་གསུམ་པས་མཉམ་དུ་བཙུགས་པའི་ལས་སྒྲུབ་ཚོགས་ཆུང་8ཀྱིས་རྨ་སྟོད་རྫོང་གི་དེ་སྔའི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་14དང་རྨ་ཆེན་རྫོང་གི་དེ་སྔའི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་84དང་། མགོ་ལོག་ཁུལ་གྱི་ཡོམ་ཁུལ་ཆུ་མཛོད། རྨ་ཆུ་རྒྱུག་ཁུལ། མང་ཚོགས་འདུས་སྡོད་ཁུལ་བཅས་ཀྱི་ས་གཤིས་གནོད་འཚེ་ཐོན་ཁུལ་གསར་པར་གཙོ་གནད་ཐོག་གྲལ་བཤེར་བྱས་པ་མ་ཟད། གནོད་འཚེ་སྔོན་འགོག་གི་བྱ་ཐབས་དང་གྲོས་འགོ་བཏོན་ནས་ཉེན་ཁའི་ཁུལ་གྱི་ཁྱབ་ཁོངས་གཏན་འཁེལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1