བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-27


         ཟླ་5ཚེས་23ཉིན་གྱི་སྔ་དྲོ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་ཤིང་། འདི་ནི་མཛད་སྒོ་སྤེལ་ཡུལ་ཡིན་པ།
         གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། སྔོན་གཤེགས་དཔའ་བོའི་དཔའ་ཉམས་རྒྱུན་འཛིན་བྱེད་པ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཤིང་། ཟླ་5ཚེས་23ཉིན་གྱི་སྔ་དྲོ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་ནས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ་བོད་ཞི་བས་བཅིངས་འགྲོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཟབ་མོ་ཞུས་པ་རེད།
         ཆུ་ཚོད་བཅུ་པར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། 《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་འབྲེལ་མཛད་སྒོར་ཞུགས་མཁན་ཚང་མས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་དང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་ཐང་ཆེན་གྱི་མཁའ་དབྱིངས་སུ་གྲགས།
         རྒྱལ་གླུ་བླངས་ཚར་རྗེས་མཛད་སྒོར་ཞུགས་མཁན་ཚང་མས་གུས་སྟབས་ཀྱིས་ལངས་ཏེ་བོད་ཞི་བས་བཅིངས་འགྲོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
         “ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན། ང་ཚོས་གསར་བརྗེའི་སྔོན་བྱོན་པའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན་བྱེད”ངག་བསྡམས་ནས་མྱ་ངན་ཞུས་རྗེས་ལག་ཏུ་མེ་ཏོག་སོས་པ་འཁྱེར་བའི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་ལ་ཕྱོགས་ནས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས་པ་དང་འབྲེལ་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཀྱང་ཞུས་པ་རེད།
         རུ་སྟར་གྲུ་བཞིའི་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་་ཚོགས་པ་ཁག ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས། བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱིས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་དགུ་བཞག་ཡོད་པ་དང་མེ་ཏོག་སི་རའི་སྟེང་གི་དར་འཛར་ཐོག“གསར་བརྗེའི་སྔོན་གཤེགས་དཔའ་བོ་ནམ་ཡང་མི་ནུབ་པར་འགྱུར་ཅིག”ཅེས་འཁོད་ཡོད།
         བརྩེ་སེམས་ཀྱིས་ཕྱུག་པའི《མེ་ཏོག་འབུལ་བའི་རོལ་དབྱངས》ཀྱི་སྒྲའི་ཁྲོད་གུས་དམག་18ཀྱིས་མེ་ཏོག་སི་ར་བརྟན་པོའི་ངང་བཀྱགས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་ཕྱོགས་སུ་དལ་བུར་བསྐྱོད་དེ་མེ་ཏོག་སི་ར་དེ་དག་དྲན་གསོའི་རྡོ་རིང་གི་སྟེགས་བུའི་ཐོག་བཞག་པ་རེད།རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གོམ་སྟབས་དལ་པོའི་ངང་དྲན་གསོའི་རྡོ་རིང་གི་སྟེགས་བུར་འཛེགས་ཏེ་མེ་ཏོག་སི་རའི་སྟེང་གི་གོས་ཆེན་གྲལ་སྒྲིག་པོ་བཟོས་གནང་བ་དང་མེ་ཏོག་སི་རའི་མདུན་དུ་ཞིབ་པར་གཟིགས། དྲི་བསུང་འཐུལ་ཞིང་རབ་ཏུ་བཞད་པའི་མེ་ཏོག་དག་ལས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་དང་བླ་ན་མེད་པའི་གུས་སེམས་མངོན།
         དེ་རྗེས་ལོ་ཆུང་བྱིས་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རིམ་པ་བཞིན་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ། ལག་ནང་གི་མེ་ཏོག་སོས་པ་ཕུལ་བ་དང་འབྲེལ་དྲན་གསོའི་རྡོ་རིང་ལ་གུས་སེམས་ཆེན་པོས་བལྟས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་ཞུ་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ད་ཆའི་ཐོབ་དཀའ་བའི་བདེ་སྐྱིད་འཚོ་བ་མྱོང་ཚོར་བྱེད་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དད་སེམས་དང་ཆོད་སེམས་མཚོན་པར་བྱས་ཡོད།
         རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་སའི་རྟེན་གཞི། ལྷ་སར་ཡོད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་བཅས་མཛད་སྒོར་ཞུགས་པ་རེད།
         ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོའི་འཐུས་མི་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། སློབ་གྲྭའི་དགེ་སློབ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ། གྲྭ་བཙུན་དང་མང་ཚོགས་ཀྱི་འཐུས་མི་བཅས་མི་1000ལྷག་ཙམ་མཛད་སྒོར་ཞུགས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1