རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་སྒོ་བྱང་བཀལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-27



ཕེང་ཆིང་ཧྭ་དང་ཝང་ཀྲི་ཀང་། ལུའུ་ཏུང་ཧྥུ། ཧོང་ཆང་། མེང་ཞའོ་ལིན་བཅས་ཚོགས་འདུར་ཞུགས།


སྤྱི་ཟླ5ཚེས23ཉིན་རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཚན་རིག་ལག་རྩལ་པུའུའི་པུའུ་ཀྲང་ཝང་ཀྲི་ཀང་། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ལས་འཛིན་པ་ལུའུ་ཏུང་ཧྥུ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་བཅས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་ཕེང་ཆིང་ཧྭ་དང་ཝང་ཀྲི་ཀང་། ལུའུ་ཏུང་ཧྥུ། ཧོང་ཆང་། མོང་ཞའོ་ལིན་སོགས་ཀྱིས་མཉམ་དུ་རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་རེད།

ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་སྐབས་རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་སྐྲུན་མགོ་ཚུགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་གསུངས་དོན། ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུའི་འཆར་འགོད་བྱས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག་གནང་བ། སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་བརྟེན། དེས་སི་ཁྲོན་དང་བོད་ལྗོངས་ས་གནས་གཉིས་བར་ཕན་ཚུན་འབྲེལ་མཐུད་བྱེད་སའི་ཞན་ཆ་མེད་པ་དང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྦོལ་ཆེན་མོ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ། མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་གཏིང་རིང་ཟབ་པའི་དོན་སྙིང་ཡོད་པར་བརྟེན། ལྕགས་ལམ་ཚན་རྩལ་གསར་གཏོད་མ་ལག་དང་ཐོན་ལས་མ་ལག་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་ཕན་ཐོགས་ཡོད་པ་རེད། སི་ཁྲོན་ནི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མཁན་དང་ཕན་པ་ཐོབ་མཁན་ཞིག་ཡིན་ལ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་མཁན་གྱི་རྒྱབ་ཕྱོགས་ཆེན་པོ་དང་སྒར་ས་ཆེ་མོ་ཞིག་ཀྱང་ཡིན་པ་རེད། ང་ཚོས་སྤུས་ཚད་མཐོན་པོས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བརྒྱུད་རིམ་ཧྲིལ་པོ་དང་གནད་འགག་ཐུག་ས་ཧྲིལ་པོ། རྒྱུ་རྐྱེན་གཙོ་བོ་བཅས་ཀྱི་ཞབས་ཞུའི་འགན་ལེན་བྱས་ཏེ་སྤུས་ཀ་ཡག་པོའི་ལས་གྲྭ་དང་དུས་རབས་གསར་པའི་གངས་ལྗོངས་མཁའ་ལམ་སྐྲུན་པར་སི་ཁྲོན་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཝང་ཀྲི་ཀང་དང་ལུའུ་ཏུང་ཧྥུ། ཧོང་ཆང་།

མེང་ཞའོ་ལིན་བཅས་ཀྱིས་ཁག་བགོས་ནས་གསུང་བཤད་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲིད་ཕྱོགས་དང་འཐབ་ཇུས་ཀྱི་དགོས་མཁོ་སྣེ་ཁྲིད་དུ་བྱས་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གཉེར་སྐྱོང་ལས་གྲྭའི་དགོས་མཁོར་དམིགས་ཏེ་འགག་རྩ་གཙོ་བོའི་ལག་རྩལ་འགག་སྒྲོལ་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོན་ལས་ཅན་དུ་མངོན་འགྱུར་བྱ་རྒྱུ་ལས་འགན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གཙོ་བོར་ཁྲོན་བོད་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་། གནོད་འཚེ་འགོག་སྲུང་། སྒྲིག་ཆས་ཞིབ་འཇུག་གསར་བཟོ། གཉེར་སྐྱོང་དོ་དམ་སོགས་ཀྱི་ལས་འགན་ལ་དམིགས་ཏེ་ལག་རྩལ་གསར་གཏོད་ཀྱི་ལས་སྟེགས་བསྐྲུན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1