གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༢༨ཉིན།

རྐུན་མར་ཤོར་བའི་རིག་དངོས་177ཕྱིར་ལོན་པ།


    ཟླ་5ཚེས་25ཉིན། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ཅུས་ཀྱིས་མཉམ་དུ་སྟག་རྩེ་ཆུས་སྤྱི་བདེ་ཅུས་ནས་གྱོད་འབྲེལ་རིག་དངོས་175བདེ་བླག་ངང་རྩིས་སྤྲོད་བྱས་པ་དང་། དེའི་ནང་ལ་རྒྱལ་ཁབ་རིམ་པ་གཉིས་པའི་རིག་དངོས་6དང་། རྒྱལ་ཁབ་རིམ་པ་གསུམ་པའི་རིག་དངོས་10ཡོད་ཅིང་། མིག་སྔར། གྱོད་འབྲེལ་རིག་དངོས་དེ་དག་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད། 



    2018ལོའི་ཟླ་6པར། སྟག་རྩེ་ཆུས་སྤྱི་བདེ་ཅུས་ལ་མང་ཚོགས་ཀྱིས་ཐེར་འདོན་བྱས་ཏེ། དོགས་ཡོད་མི་སྣས་སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་ཚོ་ཆུང་གཉིས་པའི་ཕུར་ན་རི་བོའི་བཀྲ་ཤིས་འབྱུང་དགོན་པའི་གནའ་ཤུལ་བརྐུ་སྔོག་བྱེད་བཞིན་ཡོད་ཟེར། དེ་མ་ཐག་ཏུ་ཉེན་རྟོགས་པ་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་། ཉིན་མང་པོར་བསྟུད་མར་མྱུལ་ཞིབ་བྱས་པར་བརྒྱུད། ཟླ་7ཚེས་2ཉིན་ནམ་ལངས་ཁར་དོགས་ཡོད་ཉེས་ཅན་6བཟུང་བ་རེད། 


    གོང་རིམ་སྡེ་ཁག་གི་མཛུབ་སྟོན་བླང་བྱ་ལ་གཞིགས་ནས། སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་ནུས་ཤུགས་རྩེ་གྲ་བདམས་ནས་ཆེད་དོན་གྱོད་གཞི་ཚོགས་པ་བཙུགས་པ་དང་། མགྱོགས་པོར་མྱུར་ཞིབ་ལས་དོན་སྤེལ་བ་རེད། ཞིབ་བཤེར་གཏིང་ཟབ་བྱས་པར་བརྟེན། དུས་ཡུན་ཟླ་9རིང་། སྔ་རྗེས་སུ་བོད་ལྗོངས་ལྷ་ས་དང་ལྷོ་ཁ། ཉིང་ཁྲི། སི་ཁྲོན་ཁྲེའུ་ཏུང་སོགས་ས་གནས་སུ་བསྐྱོད་ནས་གྱོད་འབྲེལ་མི་སྣ་22བཟུང་བ་དང་། རྐུ་ཤོར་རིག་དངོས177ཕྱིར་ལོན་ཅིང་། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་21.07རྩིས་ལེན་བྱས་ཡོད། 

    དེའི་ཁྲོད་དུ། “7·02”ཆེད་དོན་གྱོད་གཞི་དང་འབྲེལ་བ་ཡོད་པའི་རིག་དངོས་175ཡོད་པ་དང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་“6·28”ཀྱི་གྱོད་འབྲེལ་རིག་དངོས་2ཡོད། 


    མིག་སྔར། གྱོད་དོན་དེ་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས། སྟག་རྩེ་ཆུས་སྤྱི་བདེ་ཅུས་བཅས་ཀྱིས་མཉམ་དུ་འབད་པ་བྱས་པར་བརྟེན། རིག་དངོས་དེ་དག་སྲུང་སྐྱོང་བྱེད་ཐུབ་ཅིང་། ཉེས་ཅན་དག་ལ་ཉེས་ཆད་འོས་འཚམ་བཅད་ཡོད། གྱོད་དོན་མཇུག་སྒྲིལ་རྗེས། འབྲེལ་ཡོད་གཏན་འབེབས་ལྟར། རིག་དངོས་དེ་དག་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ལ་སྤྲོད་རྒྱུ་རེད། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1